R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 235
[A:235]ཀུ༑ ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན་ཀ་ར། ཛ་ལེན་ཏྲ་པ། ནིར་གུ་ན། ཙ་པ་རི་པ། ཙམ་པ་ཀ ༑བྷི་ཁ་ན། ཏིལ་བརྡུངས་པ། ཀུ་མ་རི་པ། དུ་མེ་པ། མ་ཎི་བྷ་དྲ། མ་མེ་ཁ་ལ། ཀ་ན་ཁ༑ ཀ་ན་ཀ་པ། ཀན་ཐ་ལི་པ། དྷ་སུ་རི་པ། ཨུ་དྷ་རི་པ། ཀ་པཱ་ལི་པ། ཀི་ར་པ། མཚོ་སྐྱེས་རྡོ་རྗེ། སརྦ་བྷ་ག་ལ། ནཱ་ག་བོ་དྷི། སུ་ར་ལི། ས་ན་ཧ། ཀོ་ཀ་ལི། ཨ་ན་ཀ །ས་མུནྡྲ། བྱ་རི་པ་སྟེ། དེ་རྣམས་ཀྱི་རྗེས་གནང་དང་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀོ་ཀ་ལི་པ་དང༌། དྷརྨ་བ་མཆེད་གཉིས། གྲུབ་ཆེན་དཔའ་བོ་འོད་གསལ། པཎྜི་ཏ་ཐ་ཀ་མ་ལ། གྲུབ་ཆེན་ཛ་བ་རི་པ། པཎྜི་ཏ་མི་འཇིགས་སྦྱིན་པའི་དཔལ། མི་ཉག་ཙ་མི་ལོ་ཙཱ་བ། སྨོན་གྲུབ་ཤེས་རབ། རིན་པོ་ཆེ་ཡབ་སྲས། རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། རྒན་མོ་ལྷས་པ་བྱང་ཆུབ་དཔལ། སྟག་སྟོན་བྱི་བྲག་པ་གཞོན་ནུ་དར། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་བདེ་ལེགས་པ། འཕགས་མཆོག་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། སྨྱུག་ལ་པཎ་ཆེན། ཏྲཻ་བོ་ཆོས་རྒྱ་མཚོ། ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། གླིང་སྟོད་ཆོས་ཀྱི་རྗེ་ཀུན་དགའ་འབྱུང་གནས། གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ། ངག་དབང་བསྟན་འཛིན་ལྷུན་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་ཕྲིན་ལས་རྣམ་རྒྱལ་ལའོ། ༈ །སྒྲུབ་ཐབས་རྒྱ་མཚོའི་ནང་ནས། སྤྱན་རས་གཟིགས་ལྷ་གསུམ་མ་ཚར་ལྔ། ཛཾ་ལ་སེར་པོ་དང་ནག་པོ་གཉིས་ཚར་གཉིས་རེ། མགོན་པོ་ཕྱག་བཞི་པ། གུར་མགོན། གཙུག་ཏོར་རྣམ་རྒྱལ་ལན་གསུམ། འོད་ཟེར་ཅན་ཞལ་ལྔ་རྩ་ཞལ་དཀར་པོ་རྣམས་ཉི་གླིང་རྡོ་རྗེ་འཆང་ལ་ཐོབ། དབྱངས་ཅན་མ་གཙོ་འཁོར་ལྔ་པ། དགྲ་ནག་དབྱངས་ཅན་མ། གདུགས་དཀར་ཕྱག་དྲུག་མ། མི་གཡོ་སྔོན་པོ་རྣམས་རྒྱལ་དབང་བློ་