R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 238
[A:238]བཀྲ་ཤིས། དེས་བདག་གོ ༈ །རས་ཆུང་ལུགས་ཀྱི་ཁྱུང་ནག་རྡོར་དྲིལ་འཛིན་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གསང་བའི་བདག་པོ། ཀླུ་སྒྲུབ་ཞབས། པཎྜི་ཏ་འབར་བའི་གཙོ། གྲུབ་ཆེན་ཞིང་གི་རྡོ་རྗེ། རྔོག་ལོ་ཤེས་རབ་གྲགས། སྲས་སློབ་དཔོན་བྷ་ཝ། རྩངས་སྟོན་སྨྲ་བའི་སེང་གེ །རྣལ་འབྱོར་དབང་ཕྱུག་མདོ་སྡེ་སེང་གེ །གྲུབ་སྟོན་ཤཱཀྱ་གཞོན་ནུ། ལྕེ་བློ་ལྡན་སེང་གེ །ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། དེའི་སྲས་རྡོ་རྗེ་སེང་གེ །དེའི་སྲས་རིན་ཆེན་སེང་གེ །དེའི་སྲས་ཤཱཀྱ་སེང་གེ ། ལྕེ་བཙུན་གྲུབ་པའི་དབང་ཕྱུག་སངས་རྒྱས་སེང་གེ །མཁྱེན་བརྩེའི་དབང་ཕྱུག །རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དེས་བདག་གོ ༈ །རྡོ་རྗེ་ནམ་མཁའ་ལྡིང་
ཁྱུང་ནག་ཀྱང་ཟེར་
གསེར་མིག་འཁྱིལ་པ་འབྱུང་པོ་འུར་འདེད་བཅོ་བརྒྱད་ཆོས་རྗེ་ལ་ཐོབ་ཅིང༌། དཔལ་ས་སྐྱ་པའི་ཟབ་ཆོས་ཐུགས་གཙིགས་ཆེ་བ། བསྙེན་སྒྲུབ་ལས་གསུམ་ཆ་ལག་རྒྱས་པ་ལས། རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བླ་མ་ཨཱའ་ཙརྱ་དམར་པོ། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། རོང་མི་གྲགས་པ་དཔལ། རོང་མི་ལྦ་བ་ཅན་སངས་རྒྱས། རོང་མི་དར་མ་གྲགས། རོང་མི་སངས་རྒྱས་རྒྱལ་མཚན། རོང་མི་བསོད་ནམས་རྒྱལ་མཚན། ཤར་འབུན་ཅུ་བ་དཔལ་ལྡན་གྲགས། གྲགས་པ་དཔལ་མགོནཇོ་སྟན་ཁྲོམ་ཡོན་ནམ་མཁའ་ལྷུན་བཟང༌། བླ་མ་དཔལ་ལྡན་གྲགས་པ། འཇམ་དབྱངས་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ཀུན་དགའ་བསོད་ནམས། དེས་བདག་གོ ༈ །རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་རྗེས་གནང་སྐོར་ལ། བཀའ་བབས་མང་དུ་ཡོད་པ་ལས། སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི་ལུགས། གུར་མགོན་ལྷ་གསུམ་སྦགས་ཏེ་སྒྲུབ་པའི་རྗེས་གནང་