R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 239
[A:239]ཡིག་བཅའ་བླ་མ་དམ་པས་མཛད་པ་ནས་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཤྲདྡྷ་ཀཱ་ར་ཝརྨྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེངས་ཡོན་ཏན་ཚུལ་ཁྲིམས། མལ་གྱོ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། བླ་མ་ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། འཇམ་དབྱངས་བྱང་ཆུབ་དབང་གི་རྒྱལ་པོཡོངས་འཛིན་ཤཱཀྱ་ཀུན་དགའབླ་མ་དབང་ཕྱུག་རྒྱལ་མཚནརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །བླ་ཆེན་ཀུན་དགའ་ཆོས་འཕེལ། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། མཁན་ཆེན་ཀུན་དགའ་དབང་རྒྱལ། བྱམས་པ་ཀུན་དགའ་བརྩོན་འགྲུས། དེས་གཉིས་ཀ་ལ་གསན། མཁན་པོ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཤཱི་ལ་དྷྭ་ཛ་ལའོ། །
བཀྲ་ཤིས་གཉིས་ཀྱིས་བདག་གོ །ཡང་ན། འཕགས་པ། དམ་པ་ཀུན་དགའ་གྲགས། བདག་ཉིད་ཆེན་པོ་བཟང་པོ་དཔལ། ཆོས་རྗེ་བླ་མ། ཡང་ན་འཕགས་པ། པཎྜི་ཏ་ཤེས་རབ་རྡོ་རྗེ། འཕགས་རྒྱལ། བླ་མ་བཟང་པོ་པ། ཆོས་རྗེ་བླ་མ། ཡང་ན་ས་པཎ། བླ་མ་ཁང་གསར་བ། བློ་ཆེན་སེང་གེ་དཔལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེར་རྡོར། ཡང་ན་འཕགས་པ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ །ཆོས་རྗེ་བླ་མ་ནས་གོང་བཞིན་ནོ། །ཡང༌། གསན་ཡིག་འགའ་ལས། འཕགས་པ། ཚོགས་སྒོམ། ལ་རུ་བ། ཉན་ཆེན་པ། ས་བཟང་པ། ཐེག་ཆེན་པ། བྲག་ཐོག་པ་ཞེས་ཀྱང་འདུག་གོ །དེ་བྲག་ཐོག་པའི་གསན་ཡིག་ན། མི་སྣང་བས་དཔྱད་དོ༑ ༑ཡང་ན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། སྔགས་འཆང་ཡོན་ཏན་རྒྱ་མཚོ། བླ་