R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 240
[A:240]མ་ཨུརྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་ན་འཕགས་པ་ཡན་གོང་བཞིན་ལས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། ཡང་ན་འཕགས་པ། དམ་པ་ཀུན་དགའ་གྲགས། བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར། ཆོས་སྒོ་བ། བྲག་ཐོག་པ། རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། ཚར་ཆེན། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཞབས། དེས་བདག་གོ །ཡང་ན་བླ་མ་དམ་པ། སྔགས་འཆང་གཟུངས་པ། ཨཱ་ནནྡ་པ། མུ་སྲད་པ། ཤེས་རབ་རིན་ཆེན། ཚར་ཆེན་མན་གོང་བཞིན་ནོ། །ཡང་ན། དཔལ་ཤཱཀྱ་ཀུན་དགའབླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་ན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཞབས། དེས་བདག་གོ ། ༈ གུར་མགོན་ལྷ་བརྒྱད་མ་བླ་མ་དམ་པའི་ལྷ་གསུམ་མའི་ཡིག་བཅའ་ལ་བརྟེན་པའི་རྗེས་གནང་དང༌། ལྷ་བཅུ་གཉིས་མའི་རྗེས་གནང་དེ་གཉིས་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཡན་ལྷ་གསུམ་མ་དང་འདྲ་བ་ལས། ཞང་དཀོན་དཔལ། ན་བཟའ་བྲག་ཕུག་པ༑ ཆོས་རྗེ་བླ་མ་དམ་པ། བླ་མ་བསོད་ནམས་འོད་ཟེར། བླ་མ་དཔལ་ལྡན་ལེགས་དབང༌། བྲག་ཐོག་པ་ཆེན་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན་ལ་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། པཎ་