R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 241
[A:241]ཆེན་ཀུན་དགའ་བཀྲ་ཤིས། དེ་གཉིས་ཀ་ལ་བདག་གིས་ཞུས་སོ།། ༈ །།དཔལ་ས་སྐྱ་པའི་ཞལ་ངོ་ནང་བརྒྱུད་ཀྱི་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཨ་མེས་ཀུན་དགའ་བསོད་ནམས་ཞལ་སྔ་ནས་ལ་ཐོབ། གུར་མགོན་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང་ལ་སློབ་མའི་སྤྱི་བོར་མགོན་པོ་དང་བརྒྱུད་པའི་བླ་མ་བསྐྱེད་ཞུ་བསྟིམ་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཡིག་བཅའ་ནས་བླ་མ་པཎ་ཆེན་བསོད་ནམས་མཆོག་ལྡན་གྱི་དྲུང་དུ་ཐོབ་པའི་བརྒྱུད་པ་སླར་བྲི། གུར་མགོན་ཁྲོ་བཅུའི་རྗེས་གནང་དང༌། སྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཉམས་ཁྲིད་ཟབ་མོ་
སྦྱར་བྱང་བར་
ཀུན་བཟང་ཆོས་ཀྱི་ཉི་མ་དང༌། མཁྱེན་བརྩེའི་དབང་ཕྱུག་གི་ཡི་གེ་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད་ནས། འཕགས་པ་རིན་པོ་ཆེའི་བར་གུར་མགོན་ལྷ་གསུམ་མའི་རྗེས་གནང་བརྒྱུད་པ་བཞིན། འཕགས་པ་རིན་པོ་ཆེ། རྒ་ཨ་གཉན་དམ་པ་ཀུན་དགའ་གྲགས། བདག་ཉིད་ཆེན་པོ་བཟང་པོ་དཔལ། མཁས་བཙུན་ནམ་མཁའ་ལེགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཀུན་དགའ་རྒྱལ་མཚན། བླ་མ་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། ཀུན་བཟང་ཆོས་ཀྱི་ཉི་མ། སྒོ་རུམ་པ་ཀུན་དགའ་ལེགས་པ།
དེ་གཉིས་ཀར།
ཚར་ཆེན། མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། བླ་མ་བསོད་ནམས་ཆོས་འཕེལ།
དེ་གཉིས་ཀར།
རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་པའི་བཀའ་དྲིན་གྱིས་ཕྲིན་ལས་པ་ལ་དགྱེས་བཞིན་དུ་གནང་བའོ། ༈ །ཡང༌། མགོན་པོ་ཁྲོ་བཅུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་གུར་ལྷ་གསུམ་མ་བཞིན་ལ། དམ་པ་ཀུན་དགའ་གྲགས། བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ། རྗེ་བཟང་པོ་རྒྱལ་མཚན། ཆོས་རྗེ་དགེ་