R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 246
[A:246]གཡོན་གཉིས་ལྗང་ནག །སྟེང་ཞལ་དུད་ཁ་གཙོ་འཁོར་ལྔའི་རྗེས་གནང༌། ས་ཆེན་ཨ་མེས་དྲུང་ལ་ཡང་ཐོབ། ༈ རྗེ་དབང་ཕྱུག་རབ་བརྟན་གྱི་ཡིག་བཅའ་ནས། བྲམ་ནག་ཤན་པ་དྲུག་བསྐོར་གྱི་རྗེས་གནང་དང་དེའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སློབ་དཔོན་ཀླུ་སྒྲུབ། རྒྱ་གར་གྱི་གྲུབ་ཐོབ་ཀ་མ་རུ་པ། ཞང་མདོ་སྡེ་དཔལ། རྗེ་འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་གྲང་མོ་ཆེ་པ། རྗེ་རེ་ཏ་ཟླ་བ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། རས་ཆེན་དཔལ་འབྱོར་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་འཇིགས་མེད་དཔའ་བོ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། འཁོར་ལོའི་མགོན་པོ་ཆོས་དབྱིངས་རང་གྲོལ། རྒྱལ་དབང་བློ་བཟང་རྒྱ་མཚོ། ཞ་ལུ་མཁན་ཆེན་གཉིས་ཀར་བདག་གིས་ཐོབ་བོ། ། ༈ གཉན་མགོན་བྲམ་གཟུགས་མངགས་གཏད་ཆིག་བརྒྱུད་ཀྱི་རྗེས་གནང་ལན་གསུམ་ཐོབ་པའི་ཚར་ཆེན་གྱི་ཡི་གེ །བླ་མ་ལྷ་དབང་ཕྲིན་ལས་ཀྱི་ལྷན་ཐབས་ཀྱི་ལུང་བཅས། བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་སྒྲུབ་དུས་མགོན་པོའི་བརྒྱུད་པ་བཞིན་ལ། དམ་པ་ཀུན་དགའ་གྲགས། བཟང་པོ་དཔལ། མཁས་བཙུན་ནམ་མཁའ་ལེགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བཞི་ཐོག་པ་ཀུན་རིན། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་པ་ཤེས་རབ་ཟླ་བ། རྗེ་རྡོ་རིངས་པ་ཆེན་པོ། ཚར་ཆེན། རྗེ་ཚེ་དབང་བཀྲ་ཤིས། རྗེ་རྣམ་རྒྱལ་བཀྲ་ཤིས། བླ་མ་ལྷ་དབང་ཕྲིན་ལས། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས། དེས་བདག་གོ །ཞལ་གྱི་དགྲ་བོ་འཆིང་བྱེད་ཞགས་པ་ནག་པོ་ཞེས་པ་ཤོག་བུ་གཉིས་པ་ཞིག་གི་ལུང་ཡང་ཐོབ། ༈ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྒྱུད་མགོན་པོ་མངོན་པར་འབྱུང་བ་དང༌། བདེ་