[A:253]སྒྲུབ་ཆེ་ཆུང་མངའ་བདག་མཻ་ཏྲི་པའི་ལུགས། སྦགས་སྒྲུབ་དུག་ལྟ་བུའི་མན་ངག་གི་ལོ་རྒྱུས། སྒྲུབ་ཐབས་རླུང་སྟོད་དུ་འཚང་བ་ཕན་པའི་མཐའ་ཅན། འཁོར་ལོའི་སྒོ་ནས་དགྲ་ལེགས་བསད་པ། མནན་པའི་འཁོར་ལོ་བཅའ་ཐབས། བསྲུང་བའི་འཁོར་ལོ་བྱ་བ། ཟླ་བ་ཉི་མ་ནག་པོ་ལ། ནས། མན་ངག་ཀྱང་འདི་ཡིན་ནོའི་མཐའ་ཅན། མགོན་པོ་ལ་བརྟེན་ནས་རྨི་ལམ་ངན་པ་བཟློག་ཐབས། ལམ་སྲུངས་དང་བསྲུང་སྐུད། ངག་གནོན་འགྲོལ་ཐབས། མཚོན་བཟློག །གཤའ་བཟློག །སེར་བསྲུང༌། སྤོས་སྦྱོར་བྱིན་བརླབས་མགོན་པོའི་ལས་སྦྱོར་དྲུག་གི་གདམས་པ། སློབ་མའི་སྙིང་གར་ཆོས་ཀྱི་འཁོར་ལོ། ནས། མ་མཐོང་བར་བྱེད་ཀྱི་མཐའ་ཅན། མགོན་པོའི་བསྐང་མདོས་བྱ་བའི་ལག་ལེན། སྲིའུ་གསོ་བའི་མན་ངག །གཏོར་མའི་རྣམ་བཤད། བེ་བུམ་ནག་པོའི་གཏོར་ཆེན་སྐོར་བསྙེན་སྒྲུབ་ལས་གསུམ། ཤོག་རིལ་དམར་ནག་རྣམས་ཀྱི་ལུང་བརྒྱུད་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་ཡན་རྗེས་གནང་བརྒྱུད་པ་དང་འདྲ། མཁས་གྲུབ་དགེ་ལེགས་དཔལ་བཟང་ནས། བ་སོ་ཆོས་ཀྱི་རྒྱལ་མཚན་སྦྱིན་པ་དཔལ། སེ་ར་རྗེ་བཙུན་པ། གང་པོ་སློབ་དཔོན་ནམ་མཁའ་རྒྱལ་མཚན། སློབ་དཔོན་རཏྣ་བྷ་ཏྲ། སློབ་དཔོན་སངས་རྒྱས་བསམ་གྲུབ། སློབ་དཔོན་དཔལ་འབྱོར་དར་རྒྱས། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། རྡོ་རྗེ་འཆང་ངག་དབང་བསྟན་འཛིན། དེས་བདག་གོ །
༈ དཔལ་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་ལས་དམར་ཆེན་སྐོར་གསུམ་དུ་གྲགས་པའི། ཀྱེ་རྡོར་རྩ་བཤད་ནས་གསུངས་པ་ཀུ་རུ་ཀུལླེའི་རྗེས་གནང་དགའ་ལྡན་པ་ཀུན་བསོད་དང་སྒྲུབ་ཐབས་རྗེ་བཙུན་གྲགས་པའི་ཡི་གེ་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་བ་དྷཱུ་ཏཱི། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུང་བ། ཞང་དགོན་པ་བ། བླ་མ་ས་སྐྱ་