[A:258]སྔགས་ཡི་གེ་བཅུ་བདུན་པ་གཅིག །བསྟོད་པ་ཌོཾ་བྷིས་མཛད་པ། ལོ་རྒྱུས་རྗེས་གནང་གི་ཡི་གེ་བཙུན་པ་ཨཱ་ནནྡས་མཛད་པ། ནུས་པ་མ་ཉམས་པ་ཁམས་གསུམ་དབང་བྱེད་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་རིན་ཆེན་གྲགས་ཀྱི་འགྱུར། ཡཾ་ཡིག་ཡོངས་སུ་གྱུར་པའི་མན་ངག་བྱ་བ། ལས་སྦྱོར་གྱི་ཡི་གེ་གཅིག །པཎྜི་ཏ་དོན་ཡོད་རྡོ་རྗེས་བ་རི་བར་གནང་བ། སྒྲུབ་ཐབས་མ་ཏཾ་གིས་མཛད་པ། གཏོར་ཆོག་སེང་གེ་རྒྱལ་མཚན་གྱིས་མཛད་པ། །སྦྱིན་སྲེག་བྱ་ཚུལ། སློབ་མ་རྗེས་གཟུང་ཆོ་ག །གསང་སྒྲུབ་ཀྱི་མན་ངག་ཌོཾ་བྷིས་མཛད་པ། སྒྲུབ་ཐབས་ལས་སྦྱོར་རྗེ་བཙུན་གྲགས་པས་མཛད་པ། གསང་སྒྲུབ་ཆིག་དྲིལ་ཌོཾ་བྷིས་མཛད་པ། དཀྱིལ་ཆོག་པདྨ་རཱ་གའི་གཏེར་བསོད་ནམས་ལྷུན་གྲུབ་པས་མཛད་པ། གསང་སྒྲུབ་བྱིན་བརླབས་ཀྱི་ཞལ་གདམས། གསུང་རྡོ་རྗེའི་ལག་འགུལ་ཆུ་ཁྲུས། ཡིག་བཅའི་ལུང་བརྒྱུད་རྗེས་གནང་དང་འདྲའོ། ༈ །ཚོགས་བདག་གི་ཆོས་སྐོར་ལ།
རྗེ་བཙུན་གྲགས་པས་མཛད་པའི་མངོན་རྟོགས་ས་སྐྱ་བཀའ་འབུམ་ན་བཞུགས་ཤིང་མ་བཞུགས་པ།
འཕགས་པ་རིན་པོ་ཆེས་མཛད་པ་སྒྲུབ་ཐབས་ལས་སྦྱོར་སོགས། རྗེས་གནང་ཡི་གེ་རྙིང་མ་གཅིག་དང་
སེང་གེ་རྒྱལ་མཚན་གྱིས་མཛད་པ་བརྒྱུད་ཡིག་བཅས། བླ་མ་དམ་པས་མཛད་པའི་མཆོད་བསྟོད། ཡང་བསྟོད་པ། གཟུངས་རིང་གཿབརྒྱད་མ། ཚོགས་བདག་གི་རྒྱུད། བསྟོད་པ་འཕགས་པ་རིན་པོ་ཆེ་ནས་མཛད་པ་རྣམས་ཀྱི་ལུང་བརྒྱུད་རྗེས་གནང་དང་འདྲའོ། ༈ །ཡང་ཚོགས་ཀྱི་བདག་པོའི་གཟུངས་ཀུན་དགའ་བོས་ཞུས་པ། རྡོ་རྗེ་མཁའ་འགྲོའི་རྒྱུད་ནས་ཕྱུང་བ། ལྷ་མོ་སྐལ་བ་ཆེན་མོ་ཉོན། །ནས། ཐེ་ཚོམ་མེད་པ་ཉིད་དུ་འགྱུར། །བར། རྒྱ་གར་སྐད་དུ་དང་རྫོགས་བྱང་དང་བཅས་པ་དང༌། གཿབརྒྱད་མའི་གཟུངས་རིང་དང༌། ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས་དང༌། དཔལ་ཚོགས་ཀྱི་བདག་པོའི་གསལ་བྱེད་ཌོམ་བྷི་ཧེ་རུ་ཀས་མཛད་པ་གྱི་ཇོས་བསྒྱུར་བ་དང༌། མགོར་རྒྱ་སྐད་དང་མཐར་དཔལ་ཚོགས་ཀྱི་