R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 262
[A:262] དེ་དབོན་སྒོ་རུམ་པ་ངག་དབང་བསྟན་པའི་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། སྐུ་ཞང་བསོད་ནམས་མཆོག་གྲུབ། བྱང་གླིང་བཀྲ་ཤིས་རྒྱལ་མཚན། རྡོ་རྗེ་འཆང་དབང་རབ་མན་འདྲ། ཡང་ན་རྗེ་སྒོ་རུམ་པ་དང་ཚར་ཆེན་གཉིས་ལ་མངའ་རིས་རུ་ཐོག་པ་ནམ་མཁའ་གཟི་བརྗིད། དེ་ནས་ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། ཡང་ན་རས་ཆུང་པ་ནས། གསུམ་པ་སེང་གེ་དཔལ། ལོ་སྟོན་ཀུན་དགའ་དར། གླིང་རས་པ་པདྨ་རྡོ་རྗེ་ནས་རིམ་པར་བརྒྱུད་དེ། རྩེས་དང་སྨན་ཚུལ་ཁང་པ་སློབ་དཔོན་བཀྲ་ཤིས་དར།
དགུང་ལོ་བརྒྱ་ལྷག་པ་བཞེས་པ་ཡིན།
རྗེ་བཙུན་རྡོ་རིངས་པ་མན་འདྲ། ཡང་ན་འབའ་ར་བ་ནས། གཡག་སྡེ་ཁ་རག་རི་པ་སངས་རྒྱས་རྒྱལ་མཚན། འབྲི་གུང་ལོ་ཙཱ་བ་ནམ་མཁའ་གྲགས། མཉམ་མེད་སངས་རྒྱས་དཔལ་བཟང༌། རྗེ་ནམ་མཁའ་རྒྱལ་མཚན། རྗེ་རིན་ཆེན་རྣམ་རྒྱལ། པཎ་ཆེན་གཞུང་ལུགས་འབུམ་ཕྲག་བརྒྱ་པ་དངོས་གྲུབ་དཔལ་
ཆོས་འཁོར་ལྷུན་པོའི་མཁན་པོ་
འབར། བླ་ཆེན་ནམ་མཁའ་གཟི་བརྗིད་མན་འདྲ། ཡང་ན་རྗེ་བཙུན་རྡོ་རིངས་པ་ཆེན་པོ་ནས། རྗེ་ཀུན་དགའ་གྲོལ་མཆོག །འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ལྷ་དོ་རྟོགས་ལྡན་བདེ་ལེགས་རིན་ཆེན་ནས། དབུ་མ་ཆོས་ཤེས་བཟང་པོ། དགེ་སློང་དཔལ་མགོན་པ། རྗེ་སངས་རྒྱས་རིན་ཆེན། ངོར་པ་ལྷ་མཆོག་སེང་གེ ༑གྲོལ་མཆོག་མན་འདྲ། ཡང་ན་འབའ་ར་བ་ནས། གཉན་རས་ནམ་མཁའ་རྒྱལ་མཚན། ཀརྨ་པ་ཆོས་གྲགས་རྒྱ་མཚོ། ཏྲེ་བོ་ཆོས་ཀྱི་རྒྱ་མཚོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་མན་འདྲ། ཡང་ན་རྗེ་བཙུན་གྲོལ་མཆོག་ནས། གསེར་མདོག་ཅན་གྱི་མཁན་པོ་འབུམ་རམ་པ་དགེ་འདུན་ཉི་མ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་ཀུན་མཁྱེན་གངས་ཁྲོད་པ་ཀུན་དགའ་དཔལ་ཡན་གོང་ལྟར་ལ། དབུ་མ་པ་དཔལ་ལྡན་བཟང་པོ། དྲིན་ཅན་དཔལ་ལྡན་མགོན་པོ། རྗེ་སངས་རྒྱས་རིན་ཆེན། བདག་