R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 263
[A:263]ཆེན་འཇམ་དཔལ་དབྱངས་ངག་གི་དབང་ཕྱུག །ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་འབའ་ར་བ་ནས། མུས་ཆེན་ནམ་མཁའི་རྣལ་འབྱོརགཡག་མི་ཕམ་ཆོས་ཀྱི་བླ་མ། རོང་སྟོན་ཤེས་བྱ་ཀུན་རིག །ལྷ་འབྲི་ཤེས་རབ་རྡོ་རྗེ། མི་ཉག་གྲགས་པ་རྡོ་རྗེ། བདག་ཆེན་ངག་གི་དབང་ཕྱུག་མན་གོང་ལྟར་རོ། །ཡང་ན་འབའ་ར་བ་ནས། གྲུབ་ཆེན་རིན་ཆེན་བཟང་པོ། ལུང་མང་པོ་ཆོས་གྲགས་དཔལ་བཟང༌། མཁན་ཆེན་ཟླ་བ་བློ་གྲོས། སྐྱེས་མཆོག་ཚངས་པ་རྒྱལ་མཚན། མལ་གྲོ་གྲུབ་ཆེན་བློ་གྲོས་དཔལ་ལྡནཆོས་ལུང་མཁན་ཆེན་ནམ་མཁའ་ལྷུན་གྲུབ་རྒྱལ་མཚན་དཔལ་བཟང༌། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་འབའ་ར་བ་ནས། རྗེ་སངས་རྒྱས་སེང་གེ །ཀློང་མཁར་བ་ཀུན་དགའ་ཤེས་རབ། མོན་རྩེ་པ་ཀུན་དགའ་དཔལ། གྲི་བྱང་ཆུབ་སྡིངས་པ་ཀུན་དགའ་དཔལ། དེའི་གདན་ས་པ་བྱང་ཆུབ་དཔལ། མཁན་ཆེན་ནམ་མཁའ་ལྷུན་གྲུབ་མན་གོང་བཞིན་ནོ། །ཡང་ན་རས་ཆུང་པ་ནས། གྲུ་སྟོན་རྡོ་རྗེ་འོད། ཆག་དགྲ་བཅོམ། ཆག་ལོ་ཆོས་རྗེ་དཔལ། བླ་བྲང་སྟེང་པ་ཉི་མ་རྒྱལ་མཚན། རྗེ་བཙུན་དཔལ་ཆེན་བཟང་པོ། རྒྱལ་སྲས་བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་ཆེན་ངག་གི་དབང་ཕྱུག་མན་འདྲ། ཡང་ན་རས་ཆུང་པ་ནས། སུམ་པ་སེང་གེ་དཔལ། ལོ་སྟོན་ཀུན་དགའ་དར། གླིང་རས་པདྨ་རྡོ་རྗེ། གྲུམ་སྟོན་དར་མ་ཤེས་རབ། སྤྲག་ཕུག་པ་ཤེས་རབ་དཔལ། གྲུབ་ཐོབ་ལེགས་ལྡན་འོད། རྗེ་བཙུན་དཔལ་ཆེན་བཟང་པོ་མན་འདྲ། ཡང་ན་གངས་ཁྲོད་པ་ཀུན་དགའ་དཔལ་བཟང་ནས། མུས་ཆེན་དཔལ་ལྡན་མགོན་པོ། ཆོས་རྗེ་ཉི་ཟླ་སེང་གེ །ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། བཀྲ་བཟང་སྔགས་འཆང་ཆོས་སྐྱོང་བསོད་ནམས། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ཆག་ལོ་གསུམ་པ་ནས། ཐུགས་སྲས་དོན་ཡོད་དཔལ། རིན་པོ་ཆེ་བཤེས་གཉེན་བཀྲ་ཤིས། གྲུབ་བརྙེས་སྡོམ་བརྩོན་ཆོས་