R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 265
[A:265]རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་མན་འདྲ། ཡང་ན། ཀུན་མཁྱེན་རྡོ་རྗེ་གདན་པ་ནས། རྒྱ་སྟོན་བྱང་ཆུབ་དབང་རྒྱལབླ་མ་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚནཉི་གླིང་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་ཞ་ལུ་བ། དེ་གཉིས་ཀས་བདག་གོ །ཡང་དབང་ཕྱུག་རྒྱལ་མཚན་ལ་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། རྡོ་རྗེ་འཛིན་པ་པཎ་ཆེན་བསོད་ནམས་མཆོག་ལྡན་དེ་གཉིས་ཀར་མང་དུ་ཞུས་སོ། །ཡང་ན་ཉི་མ་གླིང་པ་ནས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེ་ལ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་དང་ཁྱབ་བདག་ཞ་ལུ་བ་གཉིས་དང༌། བདག་གིས་ཞུས་སོ། །ཡང་ན་འབའ་ར་བ་རྒྱལ་མཚན་དཔལ་བཟང་ཡན་གོང་ལྟར་ལ། དེ་ནས་སྐྱེས་མཆོག་ཨཱ་ནནྡ་པ། ཆོས་རྗེ་དཔལ་འབྱོར་རྒྱལ་མཚན། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཆོས་རྗེ་ཡོན་ཏན་མཆོག། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། གྱི་རེ་ལྷ་བཙུན་ལྷ་དབང་རྒྱ་མཚོ། དེ་གཉིས་ཀ་ལ་འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། དེ་ནས་ཟུར་ཐམས་ཅད་མཁྱེན་པ་མན་འདྲའོ། །ཡང་ན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས། པཎ་ཆེན་བསོད་ནམས་གྲགས་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ མན་གོང་ལྟར་རོ། །ཡང་ན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནས། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་མན་འདྲ། ཡང་ན་གངས་ཅན་པ་ཀུན་དགའ་དཔལ་བཟང་ཡན་གོང་ལྟར་ལ། དེ་ནས་འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ་བློ་གྲོས། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་མན་འདྲ། ཡང་ན་ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ་ནས། མཁན་པོ་རིན་ཆེན་རྡོ་རྗེ། སྤྲུལ་སྐུ་བསོད་ནམས་