R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 266
[A:266]རིན་ཆེན། བྱང་སེམས་ཁྱུང་དཀར་བ་ཆེན་པོ། རི་པ་དཀོན་མཆོག་འབྱུང་གནས། བླ་མ་སྨོན་ལམ་སྙིང་པོ། མཁས་བཙུན་ཆོས་དཔལ་མགོན་པོ། རི་ཁྲོད་པ་སེང་གེ་དཔལ་བཟང༌། པཎ་ཆེན་ངོ་མཚར་རྒྱ་མཚོ། མར་སྟོན་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རིན་ཆེན་མན་གོང་ལྟར་རོ། །ཡང་ན་འབའ་ར་བ་རྒྱལ་མཚན་དཔལ་བཟང་ནས། ཆོས་རྗེ་ཤེས་རབ་དཔལ། བླ་མ་ཚུལ་ཁྲིམས་དཔལ་བཟང༌། རྗེ་རིན་ཆེན་བཤེས་གཉེན། མཚུངས་མེད་སངས་རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། རྗེ་བློ་བཟང་དོན་གྲུབ། དབེན་ས་བླ་མ་སངས་རྒྱས་ཡེ་ཤེས། མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱལ་དབང་བློ་བཟང་རྒྱ་མཚོ་ནས་གོང་བཞིན་ནོ། །ཡང་ན་རྗེ་བསོད་ནམས་རྒྱ་མཚོ་ནས། ཁྲི་རིན་པོ་ཆེ་རྒྱལ་ཁང་རྩི་པ། འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། རྒྱལ་དབང་བློ་བཟང་རྒྱ་མཚོའི་ཞབས། ཡང་ན་དབུ་མ་པ་དཔལ་ལྡན་བཟང་པོ་ནས། རྗེ་དཔལ་ལྡན་མགོན་པོ། རྗེ་སངས་རྒྱས་རིན་ཆེན། ངོར་ཆེན་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཁྱབ་བདག་ཞ་ལུ་མཁན་ཆེན། རྒྱལ་དབང་བློ་བཟང་རྒྱ་མཚོ། ཡང་ན་ཐར་རྩེ་ནམ་མཁའ་དཔལ་བཟང་ནས། དེ་དབོན་ནམ་མཁའ་སངས་རྒྱས། ཁྱབ་བདག་ཞ་ལུ་པ། རྒྱལ་དབང་བློ་བཟང་རྒྱ་མཚོ། ཡང་ན་ཐར་རྩེ་ནམ་མཁའ་དཔལ་བཟང་ནས། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། ཞ་ལུ་པ་ཆེན་པོ། རྒྱལ་དབང་བློ་བཟང་རྒྱ་མཚོ། ཡང་ན་རྗེ་སངས་རྒྱས་སེང་གེ་ནས། ཤར་ཆེན་ཀུན་དགའ་བཀྲ་ཤིས་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ༑ ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། ཤར་ཆེན་མན་འདྲ། ཡང་ན་མི་ཉག་གྲགས་པ་རྡོ་རྗེ་ཡན་སྔར་ལྟར་ལ། དེ་ནས་འཇམ་དབྱངས་ས་ལོ་