R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 268
[A:268]ལས་རྣམ་རྒྱལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། །རྒྱལ་དབང་བློ་བཟང་རྒྱ་མཚོའི་ཞབས། མཁན་ཆེན་དགེ་བའི་དབང་པོ།
ཡི་གེ་རྙིང་མ་ནས་སྒྲུབ་ཐབས། རྗེས་གནང་ལོ་རྒྱུས། བརྒྱུད་ཡིག་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་རྗེས་གནང་དང་འདྲའོ། །
དེས་བདག་གོ ༑ཡང་ན་བསམ་གཏན་གླིང་པ། ནམ་མཁའ་བསོད་ནམས་ནས། ལྷ་རི་བ་དཔལ་ལྡན་རྒྱལ་མཚན། སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་མན་འདྲ། ཡང་ན་ཡར་ཀླུང་པ་སེང་གེ་རྒྱལ་མཚན་ནས། ཀླུ་པ་མཁན་པོ་བསོད་ནམས་དརབླ་མ་དམར་སྟོན་པརིན་པོ་ཆེ་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚནརྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་མན་གོང་དང་འདྲ། ༈ དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་ནི་འཁོར་ལོ་བདེ་མཆོག་དང༌། སྒོས་རྒྱུད་དཔལ་ཧེ་རུ་ཀ་དངོས་གྲུབ་ཆེན་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་རྒྱ་གར་ལྷོ་ཕྱོགས་ཀོ་ས་ལར་འཁྲུངས་པ་རྣལ་འབྱོར་དབང་ཕྱུག་བཻ་རོ་ཙ་ནས་བསྒྱུར་བ་དང༌། དེས་མཛད་པའི་གཞུང་ནས་གསུངས་པ། དཔལ་ས་སྐྱ་པའི་གསང་བའི་ཆོས་སྐྱོང་འདི་ཉིད་ཀྱི་རྗེས་གནང་དང་ཆོས་སྐོར་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ༑ པདྨ་བཛྲ། ཤྲཱི་བཛྲ་རཱ་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། བཻ་རོ་ཙ་ན། ཁམས་པ་རྒ་ལོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། བླ་ཆེན་ཡར་སྒོམ། བླ་མ་རྒྱལ་ཚ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་