R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 269
[A:269]བསོད་ནམས་རྒྱལ་མཆོག །བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལཀུན་མཁྱེན་ཤཱཀྱ་ཀུན་དགའརྗེ་དབང་ཕྱུག་རྒྱལ་མཚན
ཉི་གླིང་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། དགེ་སློང་ཀུན་དགའ་སྦྱིན་པ། བླ་མ་ཀུན་དགའ་ཆོས་འཕེལ་དང་བློ་གྲོས་དཔལ་ལྡན་གཉིས་སུ་གསན་སླར་བརྟག་དགོས། རོང་པ་དཀོན་མཆོག་སྦྱིན་པ། བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ཤཱི་ལ་དྷྭ་ཛ་ལའོ། །
རྡོ་རྗེ་འཆང་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་གོ ༈ །ཕུར་བསྲུངས་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དང༌། བདུད་རྒྱལ་ཐོད་ཕྲེང་ཅན་གྱི་རྗེས་གནང་གཉིས་སྔགས་འཆང་ཀུན་དགའ་ཟླ་བའི་ཡི་གེ་ནས་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཡན་ཕུར་པའི་དབང་བརྒྱུད་དང་འདྲ་བ་ལས། ལོ་མཆོག །བླ་མ་དཔལ་ལྡན་སེང་གེ །ཀུན་སྤངས་ཆོས་གྲགས་དཔལ། མ་ཏི་པཎ་ཆེན། བླ་མ་དམ་པ། བྱང་སེང་པ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། མཁས་གྲུབ་རྣམརྣལ ་རྒྱལ་རིན་ཆེན། ཡོངས་འཛིན་ཤཱཀྱ་ཀུན་དགའ་ལ། རྗེ་བཙུན་ཡེ་ཤེས་དབང་པོ་དང༌། དབང་ཕྱུག་རྒྱལ་མཚན། དེ་གཉིས་ཀར། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང༌། རྡོ་རྗེ་གཞོན་ནུ། སློབ་དཔོན་པདྨ། འཁོན་ཀླུའི་དབང་པོ། འཁོན་རྡོ་རྗེ་རིན་ཆེན་ནས། ལོ་མཆོག་གི་བར། ཕུར་པའི་དབང་བརྒྱུད་གོང་མ་བཞིན། དེ་ནས་དཔལ་ལྡན་སེང་གེ་ནས་སྔར་ལྟར་རོ། ༈ །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དཔའ་གཅིག་གི་རྗེས་གནང་ཉེ་བརྒྱུད་ནི། རྡོ་རྗེ་འཇིགས་བྱེད། སྒོ་རུམ་པ་ཆེན་པོ། ཚར་ཆེན། འཇམ་དབྱངས་མཁྱེན་བརྩེ། བྱམས་པ་རབ་བརྟན། རྗེ་དབང་རབ། རྗེ་བཀའ་འགྱུར་བ། དེས་བདག་གོ ༈ །ལས་གཤིན་ནག་པོའི་རྗེས་གནང་རྭ་ལོའི་ཡིག་ཆ་ནས་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། དཔལ་གཤིན་རྗེ་གཤེད། ཡེ་ཤེས་ཀྱི་