R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 270
[A:270]མཁའ་འགྲོ་མ། ཀུ་མ་ར་ཙནྡྲ། ནཱ་ག་བོ་དྷི། ལི་ལ་བཛྲ། ཛྙཱ་ན་ཀིརྟི། མྀ་ཉག་སྟོན་སྒོམ། ལོ་སྒོམ་ཞིག་པོ། ཞང་བསོད་ནམས་རིན་ཆེན། ཐང་སྟོད་པ་ཤེས་རབ་རྒྱལ་མཚན། བླ་མ་རྡོ་རྗེ་བཟང་པོ། བླ་མ་ཨཱརྱ་དེ་བ། ཆོས་རྗེ་ཀུན་བློ་བ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་ཆེན་པོ། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལབླ་མ་ཤཱཀྱ་ཀུན་དགའརྗེ་དབང་ཕྱུག་མཚནརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། པཎ་ཆེན་བསོད་ནམས་མཆོག་ལྡན་གཉིས་ཀ་ལ།
ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། སྒྱི་ཆུ་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། དགེ་ལེགས་རྣམ་རྒྱལ་ཚུལ་ཁྲིམས། ཆོས་རྗེ་དཀོན་མཆོག་སྦྱིན་པ། དགེ་སློང་བསྟན་འཛིན་ཤེས་རབ་ལ་ཡང་གསན། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། །
༈ འདུན་ལེགས་མ་ལས། གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང༌། །དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་སོགས། །བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི །རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །ཞེས་པ་ལྟར། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོར་རྟོགས་པའི་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་བརྒྱད་མཐོ་བརྩེགས་སུ་བཞུགས་པའི་རྗེས་གནང་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། མགོན་པོ་འཇམ་དབྱངས། མཁན་ཆེན་བོ་དྷི་སཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། སད་ན་ལེགས་མཇིང་ཡོན། མངའ་བདག་ཁྲི་རལ། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུང༌། མངའ་བདག་དཔལ་འཁོར་བཙན། ཁྲི་སྐྱི་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེ། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ། དགེ་བཤེས་ཞུ་ལྡན་ཤེས་རབ་གྲགས། ར་ས་ཆུ་ལས་པ་དར་མ་རྒྱལ་མཚན། དཔལ་ལྡན་གྲོ་བོ་ཆེ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། གཉག་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་སྨོན། སྤང་སྒང་པ་གྲགས་པ་དཔལ། མཁན་