R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 272
[A:272]རྒྱལ་མཚན་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། མཧཱ་པཎྜི་ཏ་ཤྲཱི་མཱན་ཤཱི་ལ། དེ་གཉིས་ཀར་བདག་གིས་ཐོབ་བོ། །ཡང༌། ཁྲི་ཆེན་ཀུན་དགའ་བསོད་ནམས་དང༌། ཁྲི་ཆེན་ཀུན་དགའ་བཀྲ་ཤིས་དང༌། རྩེ་གདོང་ཞབས་དྲུང་འཇམ་དབྱངས་བསོད་ནམས་བསྟན་འཛིན་རྣམས་ལ་ཐོབ་པས་དེས་ན་ས་སྐྱ་པའི་གདུང་བརྒྱུད་ཕལ་ཆེར་བརྒྱུད་པའོ།། རྗེ་བཀའ་འགྱུར་བར་ཡང་ཐོབ། ༈ དཔལ་ས་སྐྱ་པའི་གསེར་ཆོས་ཤིན་ཏུ་ཟབ་པ་འཇམ་དཔལ་ནག་པོའི་རྗེས་གནང་དང༌། ཡིག་ཆ་ས་སྐྱ་པཎྜི་ཏའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་བཅས་ལན་མང་དུ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། བླ་མ་ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། འཇམ་དབྱངས་ས་པཎ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་ཡེ་ཤེས་དཔལ། བླ་མ་བློ་བཟང་དཀར་མོ། དཀོན་མཆོག་ཐུགས་རྗེ། གྲ་སྟོན་ཤེས་རབ་དཔལ་ལྡན། རྗེ་བཙུན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོསློབ་དཔོན་ཆེན་པོ་ཆོས་མཆོགམདོ་ཁམས་པ་ཡོན་ཏན་རྒྱ་མཚོ། སྔགས་འཆང་ཚེ་དབང་བཀྲ་ཤིས། འཇམ་དབྱངས་ཚེ་དབང་ཀུན་མཁྱེན། རྗེ་ཨཱི་ཤྭ་ར་དྷྭ་ཛ། བཛྲ་དྷ་ར་ཤཱི་ལ་མངྒ་ལ།
རྗེ་ཀརྨ་བི་ཛ། མཁན་ཆེན་བསོད་ནམས་རྒྱལ་པོ། བླ་མ་ངག་དབང་ཨོ་རྒྱན། ཀུན་དགའ་དོན་གསལ། མཁན་པོ་བསྐལ་བཟང་དགེ་ལེགས། བྱམས་པ་ཀུན་དགའ་བསྟན་དར། གསུམ་ལྡན་ཀུན་དགའ་དབང་རྒྱལ། མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཝཱ་གིནྡྲ་ལའོ། །
དེས་བདག་གོ ༈ །གང་བློ་མའི་རྒྱ་གཞུང་ལ་བརྟེན་ནས་འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་རྗེས་སུ་གནང་བ་བྱ་རྒྱུད་རང་སྐད་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་དང༌། རྩ་བ་རྒྱ་གཞུང་གང་བློ་མ། དེ་ལ་བརྟེན་པའི་རྗེས་གནང་གི་ཡི་གེ་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པ་རྣམས་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་འཇམ་དབྱངས། པཎ་ཆེན་དྷི་ར་པཱ་ལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཁྱུང་