R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 106
[A:106] ཕྱག་ལེན་སྙན་བརྒྱུད་ལའང་ཡོད་དོ། །ཡང་ན། བྱམས་པ་ཆོས་དཔལ་འབྱོར། འཇམ་དབྱངས་བྱང་ཆུབ་དབང་རྒྱལཔཎ་ཆེན་བདེ་བའི་རྡོ་རྗེབླ་མ་ལྷ་དབང་ཕྲིན་ལསཉི་གླིང་རྗེའོ། །ཡང་ན་འཇམ་དབྱངས་བྱང་ཆུབ་དབང་རྒྱལཔཎ་ཆེན་བདེ་བའི་རྡོ་རྗེ། དེ་གཉིས་ཀར་བླ་མ་བྱང་ཆུབ་དཔལ་བཟང༌། ཉི་གླིང་རྗེའོ། །ཡང༌། པཎ་ཆེན་བདེ་བའི་རྡོ་རྗེ་དང༌། བླ་མ་ཨུ་རྒྱན་རྒྱལ་པོ་གཉིས་ཀ་ལ་བླ་མ་ལྷ་དབང་ཕྲིན་ལསརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། ཡང་ན་དཔལ་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྩ་བའི་བླ་མའོ། །ཡང་ན་བླ་ཆེན་ཡེ་ཤེས་དབང་པོ། གྲུབ་ཆེན་ཀུན་དགའ་དཔལ་བཟང༌། ཉི་གླིང་རྗེའོ། །ཡང་ན་བླ་ཆེན་ཡེ་ཤེས་དབང་པོ། རྩ་བའི་བླ་མ་དམ་པ་བྱམས་པ་ཤཱཀྱ་རྡོ་རྗེ། དེས་བདག་གོ །ཡང་ན་དཔལ་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྩ་བའི་བླ་མ་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་ལའོ། ༈ །ཡང་ན་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་ཆེན་པོ་གཟུངས་ཀྱི་དཔལ། མཉམ་མེད་བཟང་པོ་རྒྱལ་མཚན། སེམས་དཔའ་ཆེན་པོ་རྒྱལ་མཚན་དཀོན་མཆོག །བྱམས་པ་རྡོ་རྗེ་རྒྱལ་མཚན། བྱམས་པ་དཀོན་མཆོག་དཔལ། པཎ་ཆེན་ལྷ་དབང་བློ་གྲོས། རྗེ་མང་ཐོས་རབ་གསལ། པཎ་ཆེན་བཟང་པོ་བཀྲ་ཤིས། དེ་གཉིས་ལ་བྱམས་པ་ཡོན་ཏན་ལྷུན་གྲུབ། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ལའོ། །ཡང་ན་མཁན་ཆེན་བྱམས་པ་བཟང་པོ། དགའ་ལྡན་གྲུབ་ཆེན་ཀུན་དགའ་དཔལ་བཟང༌། ཉི་གླིང་རྗེ། དེས་བདག་གོ ༈ །ཀྱེ་རྡོར་རྒྱུད་ལུགས་སུ་གྲགས་པ་གསུམ་གྱི་དང་པོ། ཌོམྦྷི་ཧེ་རུ་ཀའི་ལུགས་དགྱེས་པ་རྡོ་རྗེ་ཕྱག་བཅུ་དྲུག་པ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། མངོན་རྟོགས་སློབ་དཔོན་རྩེ་མོ། དཀྱིལ་ཆོག་ཐེག་ཆེན་ཆོས་རྗེའི་ནས། དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་