R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 280
[A:280]བཤེས་བླ་སྟོན། གདོང་སྔོན་པ། ཕོ་རོག་མདོ་སྡེ་མགོན། ཐོད་པ་ཇོ་ཕུར། གཉན་སྟོན། དབང་རིན། ཁམས་པ་ཤཱཀྱ་རྡོ་རྗེ། སྲས་ཆོས་གྲགས། སྟོན་པ་དར་ཤཱཀ །བཅུར་བསོད་ནམས་དབང་ཕྱུག །ལོ་མཆོག །བླ་མ་ཀུན་བསོད། བླ་མ་ཚུལ་རྒྱལ། རྗེ་ཆོས་གྲགས་པ། འཇམ་དབྱངས་བསོད་ནམས་རིན་ཆེན། རི་ལུང་སྦུག་ཐུགས་རྗེ་དཔལ། རྗེ་བཤེས་གཉེན་བཀྲ་ཤིས་མན་འདྲའོ། ༈ །རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་ཞབས་ལ། སྐྱིད་ཤོད་དགའ་བ་གདོང་དུ། བླ་མ་དབུ་མ་པ་དང༌། གྲུབ་ཆེན་དཔའ་བོ་རྡོ་རྗེ་གཉིས་ཀྱིས་ལོ་ཙཱ་བའི་ཚུལ་དུ་བསྒྱུར་ནས་བྱུང་བའི་འཇམ་དབྱངས་ཆོས་བསྐོར་དུ་གྲགས་པའི་རྗེས་གནང་ཐོབ་པ་ལ། དང་པོ་དཔའ་བོ་གཅིག་པའི་རྗེས་གནང་
ཐུགས་ཀར་དྷཱིཿདྷཱིཿདྲུག་གིས་བསྐོར་བ། ལྕེ་རྩར་དྷཱིཿདྷཱིཿབརྒྱ་རྩ་འདྲེན་
གཅིག །གཉིས་པ་ལུས་དཀྱིལ་མ་ནི། འཇམ་དབྱངས་ཐུགས་ཀར་འཇམ་དབྱངས་ཀྱི་ཡང་ཐུགས་ཀར་རིགས་ལྔ། མགྲིན་པར་ལྷ་མོ་ལྔ། སྤྱི་བོར་སངས་རྒྱས་རིགས་ལྔ་སོགས་ལ། མདུན་བསྐྱེད་དང་བླ་མའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྔགས་འཕྲོས་ལུས་ཀྱི་ལྷ་སོ་སོར་ཐིམ་པའི་བཟླས་ལུང་བརྒྱ་རྩ། གསུམ་པ་འཇམ་དབྱངས་གསང་སྒྲུབ་ལ། སློབ་མ་འཇམ་དབྱངས་དང་དབྱངས་ཅན་མ་སྦྱོར་བར་བསྐྱེད་པའི་སྤྱི་བོར་བླ་མ་དང་མདུན་བསྐྱེད་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བབས་པས་སྤྱི་མགྲིན་སྙིང་ལྟེ་གང་བས་རིམ་པ་བཞིན་དབང་བཞི་ཐོབ་པ་སོགས། སྔགས་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཧྲཱིཿབརྒྱ་རྩ། བཞི་པ་འཇམ་དབྱངས་ནང་སྒྲུབ་ལ། སློབ་མ་འཇམ་དབྱངས་ཡབ་ཡུམ་གྱི་སྙིང་གར་སངས་རྒྱས་རིགས་ལྔ། བུམ་པས་དངོས་སུ་དབང་བསྐུར། བླ་མ་དང་མདུན་བསྐྱེད་དབྱེར་མེད་སྙོམས་འཇུག་གི་བྱང་སེམས་ཀ་ལིའི་བདུད་རྩི་དང་འདྲེས་ནས་སོང་བ་སློབ་མའི་ལྕེ་ཐོག་ཏུ་གནང༌། ཕྱག་རྒྱ་དང་སྙོམས་འཇུག་གིས་ཤེས་རབ་ཡེ་ཤེས། སློབ་མ་མདུན་བསྐྱེད་ལ། ཡབ་ཡུམ་ལ། ཡུམ་ཐུགས་