[A:283] རི་ཁྲོད་པ་བློ་བརྟན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། གུ་གེ་པཎྜི་ཏ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས།། དེས་བདག་གོ །ཡང་ན། ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང༌། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ །ངོར་པ་སངས་རྒྱས་སེང་གེ །རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་སྦྱིན་པ་གྲགས་པ། ས་སྐྱ་ཁྲི་ཆེན་ནོ། །ལུང་ཐོབ་བརྒྱུད་པ་ས་སྐྱ་བཀའ་འབུམ་ནའོ། ༈ །མི་གཡོ་བ་སྔོན་པོའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆ་ནས་ཐོབ་པའི་བརྒྱུད་པ་ནི། དེ་བཞིན་གཤེགས་པ། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། གྲུབ་ཆེན་བསོད་ནམས་སེང་གེ །རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་གོ ༈ །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་ཡི་གེ་དང༌། གོང་མའི་ཕྱག་ལེན་ལྟར། སངས་རྒྱས་ཀླུ་དབང་གི་རྒྱལ་པོ། གཙོ་འཁོར་ལྔ་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཀླུ་དབང་གི་རྒྱལ་པོ། འཕགས་པ་ཀླུ་སྒྲུབ། ཇོ་བོ་ཨ་ཏི་ཤ།