[A:285] བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་ཀུན་དགའ་བསོད་ནམས། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། བཅོ་བརྒྱད་པ་མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་ངག་དབང་ལྷུན་གྲུབ། དེས་བདག་གོ། ཡང་ན་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང༌། མཆོག་ལེགས་རྡོ་རྗེ་མན་གོང་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། ས་ལོ་ཀུན་དགའ་བསོད་ནམས་མན་གོང་འདྲ། ས་ཆེན་ཨ་མེས་དྲུང་དང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་གཉིས་ལ་ཡང་ཞུས་སོ། ༈ །སྒྲ་མི་སྙན་པའི་ཚེ་སྒྲུབ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྒོམ་བཟླས་དང་བཅས་ཡོད་པའི་སྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ལྷའི་དགེ་བསྙེན། དགྲ་བཅོམ་པ་བློ་གྲོས་དཔལ། བལ་པོ་ཧ་ངུ་ཙནྡྲ། སློབ་དཔོན་དར་མ་གྲགས། མངའ་རིས་པ་དཔལ་ཆེན་རྒྱལ་བ་གྲུབ། སློབ་དཔོན་ཡེ་ཤེས་རྒྱལ་པོ། སློབ་དཔོན་ཤེས་རབ་གྲགས། བསོད་ནམས་མགོན་པོ། ཀུན་མཁྱེན་བུ་སྟོན། ཐུགས་སྲས་སེམས་དཔའ་ཆེན་པོ། བར་འདིར་བླ་མ་འགའ་ཞིག་མ་རྙེད། དེ་ནས་དགེ་སྟེང་པ་ཀུན་དགའ་དཔལ་བཟང༌། ཉི་གླིང་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ༈ །པདྨའི་རིགས་ཀྱི་བདག་པོ་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔལ་མོ་ལུགས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པའི་སྒྲུབ་ཐབས་རྗེས་གནང་གི་སྟེང་ནས་རྗེས་གནང་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ༑ དགེ་སློང་མ་དཔལ་མོ། པཎྜི་ཏ་ཙནྡྲ་ཀུ་མཱ་ར། པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ། བལ་པོ་པཎྜི་ཏ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ་ཆོས་གྲགས། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ། མཁན་ཆེན་བདེ་བ་ཅན་པ། བྱང་སེམས་ཆུ་བཟང་པ་བྱང་ཆུབ་འབར། རིན་པོ་ཆེ་ཤེས་རབ་