R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 286
[A:286]འབུམ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་མཆོག་འཕེལ། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་མཁན་ཆེན་ཞ་ལུ་པ་ཆེན་པོ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དེས་བདག་གོ །ཡང་ན་མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ་ནས། བྱ་བཏང་ཀུན་དགའ་མཆོག་ལྡན། དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལྷ་གསུམ་མ་སྐྱེར་སྒང་ལུགས་ཀྱི་རིག་གཏད་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ། ཇོ་བོ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། ནག་ཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་ཤེས་རབ་འབར། ཝ་ཡུ་བ་ཤེས་རབ་ཚུལ་ཁྲིམས། ལྕེ་སྒོམ་ཤེས་རབ་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ ། གཉན་སྟོན་ཆོས་ཀྱི་ཤེས་རབ། ཆོས་རྗེ་སྟོན་པ་བརྩོན་འགྲུས་སེང་གེ །འགྲོ་མགོན་ཤངས་སྟོན་ཚུལ་ཁྲིམས་འབུམ། གཉན་སྟོན་རྒྱལ་མཚན་དཔལ་བཟང༌། སྔགས་འཆང་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ །རྗེ་བཙུན་རྡོ་རིངས་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། པཎ་ཆེན་ངག་དབང་ཆོས་གྲགས། ཡངས་ཅན་མཁན་པོ་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ངག་དབང་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། དེས་བདག་