R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 291
[A:291]མུས་ཆེན་སེམས་དཔའ་ཆེན་པོ། རྗེ་སངས་རྒྱས་རིན་ཆེན། དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱུ་འགུལ་པཎ་ཆེན། གློ་བོ་མཁན་ཆེན་ལེགས་འབྱུང༌། འཇམ་དབྱངས་ས་ལོ། དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ལྷ་མཆོག་སེང་གེ་ནས། ངོར་ཆེན་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། རྗེ་བཙུན་ཆེན་པོས་མཛད་པའི་སྒྲུབ་སྐོར་ལ། ལོ་རྒྱུས། བསྙེན་པ། སྒྲུབ་པ། ཐུན་མཚམས་སུ་བྱ་བ་གཏོར་མ་འཕྲུལ་འཁོར། ཆོམ་རྐུན་འཆིང་བ། མཚན་བརྒྱ་རྩ་བརྒྱད་པ་དང་གཟུངས་ཀྱི་ལུང་བླང་བ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཁའུ་པ་ཡན་གོང་ལྟར་ལ། དེ་ནས་གོང་མ་ལྔ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ །བླ་མ་བསོད་ནམས་རྒྱལ་མཚན། མ་ཏི་པཎ་ཆེན། ཐེག་ཆེན་རིན་པོ་ཆེ། བླ་མ་རིན་པོ་ཆེ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བཟང༌། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། བཙུན་པ་རྣམ་མགོན་དྲི་མེད་སྡེ། རྗེ་བྱང་ཆུབ་དབང་རྒྱལ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། ཐུ་བཙུན་ཀུན་དགའ་བསོད་ནམས། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། རབ་འབྱམས་པ་ཆོས་རྗེ་རིན་ཆེན་རྒྱ་མཚོ། བླ་མ་འཇམ་དབྱངས་རྣམ་རྒྱལ། དེས་བདག་ལའོ། །ཡང་ན་འཕགས་པ་ནས། ཚོགས་ཉན་གཉིས། བྲག་ཕུག་པ། བླ་མ་དམ་པ་མན་འདྲ། ཡང་ན་འཕགས་པ་ནས། ཞ་སྟོན་ཁུ་དབོན། བླ་མ་དམ་པ་མན་གོང་ལྟར་རོ། །ཡང་ན་འཕགས་པ་ནས། ཤར་པ་སྐུ་མཆེད། འཇམ་དབྱངས་ཆེན་པོ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་མན་འདྲ། ས་ཆེན་ཀུན་དགའ་བསོད་ནམས་ལ་གོང་བཞིན་ཐོབ་ཅིང༌། རྒྱ་གཞུང་བསྟོད་རིང་ཞིག་ཀྱང་ཞུས་སོ། ། ༈ ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་ཉམས་ལེན་