R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 299
[A:299]དཔོན་རིན་པོ་ཆེ་བླ་མ་རྒྱལ་མཚན། ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་མན་འདྲ། ༈ བཀའ་བབས་དགུ་པ་ནགས་རིན་ལུགས་ནི། རྗེ་བཙུན་སྒྲོལ་མ། པཎྜི་ཏ་ངག་དབང་གྲགས་པ། པཎ་ཆེན་ནགས་ཀྱི་རིན་ཆེན། ཆོས་རྗེ་ཀུན་དགའ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་མཆོག་ལེགས་འཛིན། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ ། ༈ གོང་དཀར་ལུགས་ཀྱི་སྒྲོལ་དཀར་བླ་མ་དམ་པའི་ཡིག་ཆ་ནས་རྗེས་གནང་དང་ཉི་གླིང་རྗེས་མཛད་པའི་ཚེ་ཁྲིད་རྒྱུན་ཁྱེར་ནས་ཉམས་ཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། སློབ་དཔོན་ངག་དབང་གྲགས་པ། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་ལྡན་མར་མེ་མཛད། རྒྱལ་བ་འབྲོམ། སྤྱན་སྔ་བ། དགེ་བཤེས་སླེ་ནག་པ། དགེ་བཤེས་སྒྲེ་པ། སྒམ་པོ་པ་བསོད་ནམས་རིན་ཆེན། དབུ་སེ་དུས་མཁྱེན། ཁམས་པ་དབང་རྡོར། དབང་ཕྱུག་སེང་གེ །ཁམས་པ་བྱ་བྲལ་བ། བླ་མ་ཤེས་རབ་གཞོན་ནུ། སྤྱན་སྔ་ཆོས་ཀྱི་རྒྱལ་པོ། དེ་གཉིས་ལ་རི་ཁྲོད་གཞོན་ནུ་རྒྱལ་མཚན་དང་རས་ཆེན་གཞོན་ནུ་དཔལ་ལྡན་གཉིས་ཀྱིས་གསན། གཉིས་ཀ་ནས་རྗེ་གྲགས་པ་རྒྱལ་མཚན། རྗེ་རྣམ་རྒྱལ་མགོན་པོ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། བླ་མ་ཤཱཀྱ་ཀུན་དགའརྗེ་དབང་ཕྱུག་རྒྱལ་མཚནམཁས་གྲུབ་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། ཕྲིན་ལས་རྣམ་རྒྱལ།
སྒྱི་ཆུ་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་མ་ཀུན་དགའ་ཆོས་འཕེལ། རྗེ་ཕུན་ཚོགས་རྣམ་རྒྱལ། བྱམས་པ་ཀུན་དགའ་དབང་རྒྱལ། མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཤཱི་ལ་དྷྭ་ཛ་ལའོ། །
ཡང༌། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། རྗེ་བློ་ཆོག་རྡོ་རྗེ།