R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 300
[A:300] རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། རྩ་བའི་བླ་མ་རྣམ་སྲས་གླིང་གི་མཧཱ་པཎྜི་ཏ་དཀོན་མཆོག་ཆོས་གྲགས་ཞབས། དེས་བདག་གོ །ཡང༌། སྤྱན་སྔ། བྱ་ཡུལ་བ། དྭགས་པོ། ཞང་སུམ་ཐོག་པ། བླ་མ་ཀ་ཚལ་བ། སློབ་དཔོན་རིན་ཆེན་བཟང་པོ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་བཀའ་བཞི་པ་གྲགས་གཞོན། བུ་སྟོན་རིན་ཆེན་གྲུབ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཞོན་ནུ་རྒྱལ་མཚན། ཡང་སླེ་ནག་པ། བསམ་བསྟན་དར། རྗེ་མི་ཉག་པ། རྗེ་ཆོས་འབྱུང་བ། ཆོས་རྗེ་ར་པ། ཤ་ར་རབ་འབྱམས་པ། རྗེ་རྣམ་རྒྱལ་མགོན་པོ་མན་འདྲའོ། ༈ །པདྨའི་རིགས་ཀྱི་ཁྲོ་བོར་གཏོགས་པའི་དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ཞལ་གཟིགས་མ་ཡིག་རྙིང་དང༌། ཐར་རྩེ་ནམ་མཁའ་དཔལ་བཟང་གི་གསལ་བྱེད་སྟེང་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་ཆུབ་རིན་ཆེན། དཔལ་རྒྱལ་བ་གྲུབ། འཛིམས་པ་རྒྱལ་མཚན་དཔལ། སྤང་སྒང་པ་གྲགས་པ་དཔལ། སྒྲུབ་པ་པོ་བླ་མ་རིན་ཆེན་བརྩོན་འགྲུས་ཆེན་པོ། མཁས་བཙུན་བྱང་ཆུབ་སེང་གེ །ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་པ་རྡོ་རྗེ་འཆང༌། ཁོ་ཕྱར་མཁན་ཆེན་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་གོ་བོ་རབ་འབྱམས་པ། དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་ངག་དབང་ལྷུན་གྲུབ། དེས་བདག་གོ ༈ །རྟ་མགྲིན་གསང་སྒྲུབ་ཞལ་གསུམ་ཕྱག་དྲུག་པ་ཞབས་བརྒྱད་པའི་རྗེས་གནང་ནི། བསྐུར་ཆོག་ཚར་ཆེན་བློ་གསལ་རྒྱ་མཚོས་མཛད་པ་ནས་ཞ་ལུ་མཁན་ཆེན་ལ་ཐོབ་ཅིང༌། སྐྱེར་གང་པ་ནི་ཤངས་པའི་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་ལྔ་པ། རྨི་ལམ་བཟུང་ནས་ཨུརྒྱན་རིན་པོ་ཆེ་ལ་ལན་གསུམ་གསན།