R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 303
[A:303] ༈ དཔལ་ཕྱག་ན་རྡོ་རྗེའི་ཨུ་ཙ་གསར་མའི་རྒྱུད་འབུམ་ན་མ་བཞུགས་པའི་རྒྱུད་ཆུང་ཞིག་
ལེའུ་བཅུ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་སྤྱན་དྲངས་པར་བཤད་
ནས་གསུངས་པ་སྒྲུབ་ཐབས་སྔགས་འཆང་ཤཱཀྱ་དཔལ་བ། རྗེས་གནང་འབའ་ར་བས་མཛད་པ་ནས་མེ་དབང་དང་བཅས་པའི་རྗེས་གནང་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། དཔལ་ཕྱག་ན་རྡོ་རྗེ། པདྨ་བཛྲ། ནཱ་གརྫུ་ན། ཙནྡྲ་གོ་མི། རྒྱལ་པོ་དྷརྨ་ཕ་ལ༑ བླ་མ་བཟང་གླིང་པ། ཁམས་པ་ཨ་སེང༌། ཇོ་སྲས་གཉལ་པ། བླ་མ་དཀོན་མཆོག་རྒྱ་མཚོ། ཇོ་སྲས་མེ་འབར། བླ་མ་དོན་ཞགས་པ། བླ་མ་ལྷ་རྗེ་ཆོས་གྲགས། མཁན་པོ་ཆོས་སྡིངས་པ། བླ་མ་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བླ་ཆེན་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། བླ་མ་ཨོ་རྒྱན་རྒྱལ་པོ། རྗེ་རྣམ་རྒྱལ་བཀྲ་ཤིས། དེ་གཉིས་ཀར་མཁན་ཆེན་བསོད་ནམས་རྒྱལ་པོ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་ན་རྡོ་རྗེ་གདན་པ་ནས། རྗེ་རྣམ་རྒྱལ་རིན་ཆེན། རྒྱ་སྟོན་བྱང་དབང༌། བླ་མ་ཤཱཀྱ་ཀུན་དགའསློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་ན་ཇོ་སྲས་གཉལ་པ་ནས། བླ་མ་དགེ་འདུན་རྒྱ་མཚོ། སྟོན་དབྱངས། བྱ་སྟོན་བསོད་ནམས་འོད། གྲགས་པ་སེང་གེ །གར་ཐིག་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ་མན་འདྲ། ཡང་ན་ཁམས་པ་ཨ་སེང་ནས། ཞང་དཀོན་མཆོག་དཔལ། རུ་སྨོན་མཁར་བ་སྐྱི་སྟོན་གྲགས་རྒྱན། རུ་ཞང་དཀོན་མཆོག་བློ་གྲོས། བླ་མ་ཆོས་གྲགས་མན་འདྲ། ཡང་ན་ལྷ་རྗེ་ཆོས་གྲགས་ནས། ཨེ་པ་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། བླ་མ་སངས་འོད། སློབ་དཔོན་སྨྲ་སེང༌།