R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 304
[A:304] མཁས་བཙུན་བྱང་སེང༌། བྲག་ཐོག་པ་བསོད་ནམས་བཟང་པོ་མན་འདྲ། ཡང་ན་མཆོག་ལྡན་པ་ནས། སྐྱི་སྟོན་པ། ཇོ་ནང་ཀུན་མཁྱེན། བྱང་སེང་པ་མན་གོང་ལྟར་རོ། །ཡང་ན་བྲག་ཐོག་པ་ནས། འཚལ་མིན་ངག་གི་དབང་པོ། རྡོ་རྗེ་གདན་པ་མན་གོང་བཞིན་ནོ། ཁྲུས་བྱབས་སྲུངས་མེད་དབང་བཅས། ས་ཆེན་ཀུན་དགའ་བསོད་ནམས་ལ་ཡང་ཞུས་སོ།། ༈ རྡོ་རྗེ་ས་འོག་གི་རྒྱུད་ལེའུ་ཉེར་ལྔ་སོགས་ནས་གསུངས་པ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་སློབ་དཔོན་འགྲོ་བཟང་སྙིང་པོའི་སྒྲུབ་ཐབས་སོགས་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི༑ རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ལྡན་ཀུན་ཏུ་བཟང་པོ༑ སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། ཇོ་བོ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། པུར་བསོད་ནམས་རིན་ཆེན། འབྱེད་ཕུ་བ་པདྨ་བཀྲ་ཤིས། ལྷ་རྗེ་སྟག་པ་ཇོ་བཟང༌། གནུབས་ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག །ཁྲོ་ཕུ་རིན་ཆེན་བསོད་ནམས་སེང་གེ །ཡང་རྩེ་བ་རིན་ཆེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ། ཐུགས་སྲས་སེམས་དཔའ་ཆེན་པོ། ཆོས་རྒྱལ་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་གྲུབ། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིངས་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་དྲིན་མཉམ་མེད་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་གཉིས་ཀར་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། དེ་གཉིས་ཀར་བདག་གིས་ཞུས་སོ། །ཡང༌། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བ་དྷཱུ་ཏཱི་པ། ཇོ་བོ་རྗེ། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ །རོང་པ་འགར་དགེ །འཇད་གྱང་ཕུ་བ། མལ་ལོ་ཙཱ་བ། རྗེ་བཙུན་བརྩེ་བ་ཆེན་པོ༑ རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎྜི་ཏ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག །རོང་པ་