R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 110
[A:110]པོའོ། །ཡང༌། ཉན་ཆེན་ལས། གངས་པའོ། །ཡང༌། བྲག་ཕུག་པ་ལས། བྲག་ཕུག་པ་དཀོན་རྒྱལ། ས་སྐྱ་བུ་སྟོན། ཐེག་ཆེན་པའོ། །ཡང༌། གངས་པ་ལས། མ་ཏི་པཎ་ཆེན། ཐེག་ཆེན་པའོ། །ཡང༌། ཚོགས་སྒོམ་པ། ཆག་རིན་པོ་ཆེ་ཤེར་འབུམ། མཁན་ཆེན་རྡོ་རྗེ་ཚུལ་ཁྲིམས་པ། དཀོན་རྒྱལ་ལོ། །ཡང༌། ལ་རུ་བ། རྡོ་རྗེ་ཚུལ་ཁྲིམས། ཡང༌། ཚོགས་སྒོམ། གཉག །བར་པ། རྡོར་ཚུལ་ལོ། །ཡང༌། གྲུབ་ཐོབ་པ། རྭ་གཉིས་པ་རིན་ཆེན་རྒྱལ་མཚན། ཞང་དཀོན་མཆོག་དཔལ་ལོ། །ཡང༌། ཉན་ཆེན་པ། འཇམ་སྐྱ། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པའོ། །ཡང༌། ཞང་དཀོན་དཔལ། དགའ་ལྡན་པ་ཀུན་བསོད། དཔལ་ལྡན་སེང་གེའོ། །ཡང༌། འཇམ་དབྱངས་བྱང་ཆུབ་དབང་རྒྱལ་གྱིས། འཇམ་དབྱངས་ཆོས་དཔལ་འབྱོར་ལའང༌། དབང་ཁྲིད་བྱིན་བརླབས་གཞུང་བཤད་ལུང་སོགས་ཀྱང་གསན་པས། བརྒྱུད་པའི་རིམ་པ་འོག་ཏུ་འཆད་ལ། ༈ གཞན་ཡང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་ལུགས་འདི་ལ་ལམ་འབྲས་ཞྭ་མ་ལུགས་ཀྱི་རྒྱུན་ཀྱང་འདུས་གསུང་བས། དེའི་བརྒྱུད་པ་ནི། བླ་མ་སེ་སྟོན། ཞྭ་མ་རྒྱལ་མོ་ལྕམ། མྱང་སྒོམ་པ། དེ་ལ་མཁན་པོ་སྨོན་མཁར་བ་དང༌། ཁ་རེག་གི་མྱོས་ཆོས་ཀྱི་གཟི་བརྗིད་གཉིས། དེ་གཉིས་ཀ་ལ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན། དེ་ལ་ཁམ་ཆེན་བྱང་ཆུབ་དཔལ། དེ་ལ་འཛིན་པ་རྒྱལ་མཚན་དཔལ། དེ་ལ་གངས་ཁྲོད་པའོ། ༈ ། གཞན་ཡང་བརྒྱུད་པའི་རྣམ་གྲངས། ཀྱེ་རྡོར་ལུས་དཀྱིལ་དབང༌། ཞང་དཀོན་དཔལ། སློབ་དཔོན་ཀུན་དཔལ། ལོ་མཆོག །དཔལ་ལྡན་སེང་གེ །ཆོས་རྗེ་བླ་མའོ། །ཡང༌། ཆོས་རྗེ་བླ་མ། མཁན་ཆེན་ཤེར་རྡོར། ཆོས་སྒོ་བ། བྲག་ཐོག་པའོ། ༈ །ཡང༌། ལམ་ཟབ་བླ་མ། ཆོས་རྗེ་བླ་མ། དཀོན་མཆོག་བཀྲ་ཤིས། བྲག་ཐོག་པའོ། །ཡང༌། ཐམས་ཅད་མཁྱེན་པ་ཆེན་པོ་ལ་འབྲི་ཁུང་མཁན་ཆེན་དང༌། ལྕང་ལོ་ཅན་པ་གཉིས། དེ་གཉིས་ཀ་ལ་འཇམ་དབྱངས་བྱང་ཆུབ་དབང་རྒྱལ་ལོ། །