R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 317
[A:317]བརྒྱུད་པ་ནི། ནམ་མཁའ་མཛོད་བླ་མ་གྲུབ་ཆེན་པ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ༈ །ཞེན་པ་བཞི་བྲལ་གྱི་ཁྲིད་ནི། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོས་ཟླ་བ་དྲུག་གི་བར་དུ་འཇམ་དཔལ་གྱི་སྒྲུབ་པ་མཛད་པའི་ཚེ། འཇམ་དབྱངས་ གཙོ་འཁོར་གསུམ་ཞལ་གཟིགས་པའི་གཙོ་བོས་དངོས་སུ་གསུངས་པའི་བློ་སྦྱོང་ཞེན་པ་བཞི་བྲལ། དེའི་འགྲེལ་པ་རྗེ་བཙུན་གྲགས་པ་དང༌། ས་སྐྱ་པཎ་ཆེན་དང༌། འཕགས་པ་རིན་པོ་ཆེ་དང༌། རྡོ་རྗེ་གདན་པའི་བྲག་ཐོག་པ་དྲན་པའི་དོན་ལ་ཅི་ཡང་མེད་པ་སོགས། དེ་རྣམས་ཀྱི་སྟེང་ནས་དམིགས་ཁྲིད་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་དབྱངས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བླ་མ་ན་བཟའ་བྲག་ཕུག་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བཟང༌། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་ནས་རིམ་པར་ཉི་མ་གླིང་པ་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ༈ །མ་ཅིག་གྲུབ་པའི་རྒྱལ་མོ་ལུགས་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ཚེ་ཟན་ལ་བརྟེན་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང༌། ཚེ་ཁྲིད་གཉིས་འབའ་ར་བ་དང༌། མཁྱེན་བརྩེའི་དབང་ཕྱུག་གི་ཡིག་ཆ་ནས་ཐོབ་པའི་དབང་ཁྲིད་གཉིས་ཀྱི་བརྒྱུད་པ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཚེ་དཔག་མེད། མ་ཅིག་གྲུབ་པའི་རྒྱལ་མོ༑ ཏི་པུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། མི་ལ་བཞད་པ་རྡོ་རྗེ། ཆོས་རྒྱལ་ཟླ་འོད་གཞོན་ནུ། བདེ་ལེགས་ཁམས་པ་རྡོར་རྒྱལ། འབྲི་གུང་འཇིག་རྟེན་མགོན་པོ༑ སྤྱན་སྔ་གྲགས་པ་འབྱུང་གནས། རྒྱལ་བ་ཡང་དགོན་པ། ཐུགས་སྲས་སྤྱན་སྔ་