R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 318
[A:318]རིགས་ལྡན། ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། བླ་མ་རིན་ཆེན་ཆོས་འཕེལ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་རིན་ཆེན་མཁྱེན་རབ་མཆོག་གྲུབ། ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག ། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྩ་བའི་བླ་མ་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །རྗེ་བླ་མས་རྒྱལ་དབང་ཐམས་ཅད་མཁྱེན་པར་ཡང་གསན་འདུག ༈ །ཡང་ཚེ་དཔག་མེད་གྲུབ་རྒྱལ་མ་ལུགས་ཀྱི་ཚེ་དབང་བསྐུར་ཆོག་ཚེ་ཁྲིད་རྒྱུན་ཁྱེར། ཁྲིད་དཔེ་རྣམས་ཀྱི་ལུང་
སླར་ཞུ་རྒྱུ་
བརྒྱུད་ནི། སངས་རྒྱས་ཚེ་དཔག་མེད། མ་ཅིག་གྲུབ་པའི་རྒྱལ་མོ་ནས། འབའ་ར་བ་རྒྱལ་མཚན་དཔལ་བཟང་བར་དབང་བརྒྱུད་བཞིན། བྱ་བཏང་ཆུའི་རྣལ་འབྱོར། འདྲེན་མཆོག་དོན་ཡོད་རྒྱལ་མཚན། མཁྱེན་རབ་ཡོན་ཏན་དཔལ་འབྱུང༌། དཔལ་ལྡན་འབུམ་ཕྲག་གསུམ་པ། སྔགས་འཆང་ཡོན་ཏན་རྒྱ་མཚོ། རྗེ་ཨུ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། རྗེ་ངག་དབང་རྣམ་རྒྱལ། རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། དེས་བདག་གོ །འབའ་ར་བའི་ཚེ་དབང་བསྐུར་ཆོག་གི་ལུང་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ལ་ཡང་ཐོབ། ༈ འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ་ཇོ་བོ་རྗེ་ནས་རོང་པ་ཕྱག་སོར་བ་ལ་བརྒྱུད་པ་སྐྱེར་སྒང་ལུགས། དགེ་སློང་མ་དཔལ་མོ་ནས་བརྒྱུད་པ་དཔལ་མོ་ལུགས་ཞེས་རྒྱ་གར་ནས་བྱོན་པ་གཉིས། བྱང་སེམས་ཟླ་བ་རྒྱལ་མཚན་ལ་འཕགས་པ་ཉིད་ཀྱིས་དངོས་སུ་གནང་བ་ཟླ་རྒྱལ་ལུགས། བླ་མ་གཉན་དར་མ་འོད་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བ་ཚེམ་བུ་ལུགས་ཞེས་བཀའ་སྲོལ་བཞི་ལས། ཚར་ཆེན་གྱི་གསུང་ལ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པ་ནས་ཚེམ་བུ་ལུགས་ཀྱི་དམར་ཁྲིད་ནོས་པའི་བརྒྱུད་པ་ནི། ན་མོ་ལོ་ཀེ་ཤྭ་རཱ་ཡ། རྒྱལ་བ་ཀུན་གྱི་ཡབ་གཅིག་རྡོ་རྗེ་འཆང༌། །རྒྱལ་བའི་ཡུམ་གྱུར་རྡོ་