R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 324
[A:324]གྲུབ། རྗེ་ཆོས་གྲགས་རྒྱ་མཚོ། ཀརྨ་ཕྲིན་ལས་པ། བཀྲ་ཤིས་རྣམ་རྒྱལ་མན་འདྲའོ། ། ༈ ཡང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀུན་མཁྱེན་ངག་དབང་ནོར་བུས་མཛད་པ་སྔོན་འགྲོ་དང་དངོས་གཞིའི་ཟིན་བྲིས་གཉིས་ཀྱི་སྟེང་ནས་ཁྲིད་མ་ལུང་གཅིག་ཞ་ལུ་མཁན་ཆེན་དང༌། ཁྲིད་ཚད་ལྡན་གཅིག་དང༌། ཟིན་བྲིས་གཉིས་ཀྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ཡན་གོང་ལྟར་ལ། ཕག་གྲུ་པ། གླིང་རས་པ། འགྲོ་མགོན་གཙང་པ་རྒྱ་རས་ནས་གདན་རབས་བརྒྱུད་པ་ནས། རྒྱལ་བ་དཔག་བསམ་དབང་པོ། དེ་ལ་མཁན་ཆེན་ཞ་ལུ་པ་དང༌། རྡོ་རྗེ་འཛིན་པ་རིན་ཆེན་ཆོས་ལེགས་གཉིས། དེ་གཉིས་ཀར་བདག་གིས་ཞུས་སོ། །དེ་གཉིས་ཀར་ནོར་བུ་རྒྱན་པ་མེད་ཀྱང་ཆོག ༈ །ཕྱག་ཆེན་ཁྲིད་བརྒྱུད་རྒྱལ་དབང་མཆོག་གི་གསན་ཡིག་གངྒཱའི་ཆུ་རྒྱུན་ནས། སྤྱན་སྔ་ལྷ་གཟིགས་རས་པས་མཛད་པའི་ཁྲིད་ཡིག་གི་བརྒྱུད་པ་ལ། རྡོ་རྗེ་འཆང༌། སེམས་དཔའ་རྣམ་གཉིས། གྲུབ་ཐོབ་ས་ར་ཧ། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་ཤ་བ་རི། རྗེ་བཙུན་མཻ་ཏྲི་པ། རྗེ་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས། དབང་ཕྱུག་མི་ལ་རས་པ། དྭགས་པོ་ཟླ་འོད་གཞོན་ནུ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ། གླིང་རས་པདྨ་རྡོ་རྗེ། རྗེ་གཙང་པ་རྒྱ་རས། རྒོད་ཚང་པ་མགོན་པོ་རྡོ་རྗེ། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ་ནས། ཟུར་ཆོས་དབྱིངས་རང་གྲོལ། དེས་ཟ་ཧོར་བནྡྷེ་ལའོ། །ཞེས་གསུངས་སོ། ༈ །ཞལ་གདམས་གསང་ལམ་བླ་མའི་རྣལ་འབྱོར་ཁྲིད་ལ་ལུང་གི་བརྒྱུད་པ་ནི་དྭགས་པོ་ཟླ་འོད་གཞོན་ནུ། གཏེར་སྟོན་འཇའ་ཚོན་སྙིང་པོ། གྲུབ་མཆོག་བཟང་པོ་རྡོ་རྗེ། རྡོ་རྗེ་འཛིན་པ་རིན་ཆེན་ཆོས་ལེགས། དེས་བདག་ལ་དགྱེས་བཞིན་དུ་བསྩལ་ཏོ། །ཡང་ན་ནོར་བུ་རྒྱན་པ། བཟང་པོ་རྡོ་རྗེ་མན་འདྲའོ། ༈ །གྲུབ་ཐོབ་ཛཱ་པིར་གྱི་རླུང་ཟས་ནི། བྷྲུ་རླུང་གི་གདམས་པ་ཟབ་མོ་རྗེ་བཙུན་ནུབ་ཕྱོགས་པའི་གསུང་བཞིན་འཇམ་དབྱངས་མཁྱེན་བརྩེའི་དབང་