R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 329
[A:329]བར་གསུམ་གྱི་ཁྲིད་རོང་སྟོན་ཤེས་བྱ་ཀུན་རིག་གི་ཁྲིད་ལས་བཏུས་པ། ༈ བྱམས་ཆོས་ལྔའི་ཁྲིད་བཅོམ་ལྡན་རིག་རལ་གྱི་ཁྲིད་དཔེ་ལས་ཅུང་ཟད་བཏུས་པ། ༈ རང་སྟོང་གི་ལྟ་ཁྲིད་པ་ཚབ་ཀྱི་ཁྲིད་ཡིག་ལས་བཏུས་པ། ༈ གཞན་སྟོང་གི་ལྟ་ཁྲིད་བཙན་ཁ་བོ་ཆེའི་ཡིག་རྙིང་ལས་བཏུས་པ། ༈ སྦས་དོན་གྱི་ཁྲིད་རང་གི་རྒྱས་འགྲེལ་
ཁྲིད་ཚུལ་ཉིས་བརྒྱ་དང་སུམ་ཅུའི་རབ་ཏུ་དབྱེ་བ་ཡོད་པ་
ལས་བཏུས་པ། ༈ ཚེ་ཁྲིད་རང་གི་ཁྲིད་ཡིག་ལས་བཏུས་པ། ༈ སྒྲོལ་དཀར་གྱི་ཁྲིད་གསུང་རྒྱུན་ལས་བྱུང་བ། ༈ ཚེ་དཔག་མེད་དཀར་པོའི་ཁྲིད་ཆག་ལོའི་ཁྲིད་ཡིག་ལས་བཏུས་པ། ༈ དམར་ཁྲིད་ཚེམ་བུ་ལུགས་ཆོས་རྗེ་ཤེར་འབུམ་པའི་ཁྲིད་ཡིག་ལས་བཏུས་པ། ༈ དམར་ཁྲིད་དཔལ་མོ་ལུགས་ཡོལ་སྟོན་ཆོས་དབང་གི་ཡིག་རྙིང་ལས་བཏུས་པ། ༈ དམར་ཁྲིད་ཟླ་རྒྱལ་ལུགས་ཁྲིད་དཔེ་གཉིས་ཀྱི་སྙིང་པོ་བཏུས་པ། ༈ དམར་ཁྲིད་སྐྱེར་སྒང་ལུགས་ཆོས་སྐུ་ཤཱཀྱ་རིན་ཆེན་གྱི་ཁྲིད་ཡིག་ལས་བཏུས་པ། ༈ བདེ་མཆོག་གི་དམར་ཁྲིད་གསུང་རྒྱུན་ལས་བྲིས་པ། ༈ ཀྱེ་རྡོ་རྗེའི་དམར་ཁྲིད་གསུང་རྒྱུན་ལས་བྲིས་པ། ༈ ཕྱག་རྡོར་འཁོར་ཆེན་གྱི་ཁྲིད་དམར་གྱི་ཡིག་རྙིང་ལས་བཏུས་པ། ༈ གཏུམ་པོའི་ཁྲིད་གསང་བདག་སྒྲུབ་ཆེན་གྱི་ཁྲིད་དཔེ་ལས་བཏུས་པ། ༈ ཕག་མོ་ཀུརྨ་པཱ་དའི་ཁྲིད་རིན་ཆེན་ཆོས་རྒྱལ་གྱི་ཁྲིད་ཡིག་ལས་བཏུས་པ། ༈ ཀུ་རུ་ཀུལླེའི་ཁྲིད་གཅེས་བཏུས་ནས་བཏུས་པ། ༈ སྦྱོར་དྲུག་གི་ཁྲིད་ཙནྡན་དང་དེའི་དྲི་ལྟར་རྒྱུད་འགྲེལ་ལས་བཏུས་པ། ༈ དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་རྙིང་མའི་གལ་པོ་རྒྱུད་ལུང་ཕ་མ་མེད་པའི་རྒན་རྒོན་སོགས་ཕྱིར་བསལ་གང་ཡིད་ཆེས་པ་རྣམས་ཆོས་རྗེ་མཁས་པའི་དབང་པོའི་ཞལ་སློབ་ཞིག་གི་ངག་ལས་རྙེད་པའི་ཆ་ཤས་ཙམ་བཀོད་པ། ༈ ཨུ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་ཟླ་སེང་གི་ཁྲིད་ལས་བཏུས་པ། ༈ ལམ་འབྲས་བུ་དང་བཅས་པའི་ཁྲིད་ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བ་ལས་བཏུས་པ། ༈ ལམ་སྐོར་