[A:363]སྐྱབས། གཉག་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། དཔང་སྒང་པ་གྲགས་པ་དཔལ། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་རྒྱལ་མཚན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། རྒྱལ་བ་ཕྱག་ན། ཀུན་དགའ་བློ་གྲོས། ཚུལ་ཁྲིམས་དཔལ་འབྱོར། ཀུན་བཟང་མཐུ་སྟོབས་དཔལ་འབར། རྗེ་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་ཕྲིན་ནོ། །ཡང་ན་རྗེ་དབང་རབ། ཤར་ཁང་པ། ནམ་མཁའ་དཔལ་ལྡན། ཞ་ལུ་མཁན་ཆེན། དེས་བདག་གོ །ཡང་ན་ནམ་མཁའ་དཔལ་ལྡན། ལྷ་བོ་བ་རིན་ཆེན་རྒྱ་མཚོ། ཞ་ལུ་མཁན་ཆེན། དེས་བདག་གོ །ཡང་ན་རྗེ་བཀའ་འགྱུར་བ། རབ་འབྱམས་པ་རིན་ཆེན་རྒྱ་མཚོ། ཞ་ལུ་མཁན་ཆེན། དེས་བདག་གོ །ཡང་ན་ཞི་བ་འཚོ་ནས། བོ་དྷི་སཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་ཨ་ཏི་ཤ །ལྷ་བཙུན་བྱང་ཆུབ་འོད། ཏེ་སེ་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཀོང་པོ་ལོ་ཙཱ་བ། དགྲ་བཅོམ་པ་རྒྱལ་མཚན། གྱ་པ་དབང་མཛེས། གྱ་པ་དཔལ་མཛེས། ཡོན་ཏན་དབང་ཕྱུག །ཤངས་པ་འདུལ་འཛིན། མཁན་ཆེན་བསོད་ནམས་གྲགས་པ་མན་འདྲ། གསུམ་པ་ནི། བླ་མ་ལྔ་བཅུ་པའི་ལུང་ཐོབ་པའི་བརྒྱུད་པ་འདི་ཡན་མ་རྙེད། མཁྱེན་རྩེ་ཚེ་དབང་ཀུན་མཁྱེན། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། མཁས་པ་རིན་ཆེན་རྒྱ་མཚོ། དེ་གཉིས་ཀར་བདག་གིས་ཞུས་སོ། ༈ །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་འཕགས་པ་སྤྱན་རས་གཟིགས་ཀྱིས་མཛད་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལེའུ་ལྔ་པའི་ལུང༌། ཤོང་འགྱུར་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རོང་པ་ཤེས་རབ་སེང་གེ་ཡན་བུ་ལུགས་རྭ་