R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 364
[A:364]ལུགས་ཀྱི་དབང་བརྒྱུད་བཞིན་ལ། བླ་མ་རྡོ་རྗེ་རྒྱལ་མཚན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། རྗེ་རཏྣ་ཤྲཱི། མཁས་པ་ཟླ་བ་དཔལ་རིན། འཁྲུལ་ཞིག་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་བཀྲ་ཤིས་རྒྱལ་མཚན། དགེ་འཁོར་དཀོན་མཆོག་རྒྱལ་མཚན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་འགྲུབ། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། ཡང་ན། བུ་སྟོན་ནས། མཁན་ཆེན་དྷརྨ་ཤྲཱི། རྗེ་བཙུན་རཏྣ་ཤྲཱི། ཙནྡྲ་ཤྲཱི་མན་འདྲ། ཡང་ན་ཀུན་མཁྱེན་བུ་ནས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། རཏྣ་ཤྲཱི་མན་འདྲ། འབྲོ་ལུགས་ལྟར་ན། འཇམ་གསར་ཤེས་རབ་འོད་ཟེར་ལ། བླ་མ་ཆོས་འོད། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་ཡེ་གསུམ་གྱིས་གསན། གསུམ་ག་ལ་འཕགས་འོད། དེ་ནས་ཀུན་མཁྱེན་བུ་མན་གོང་བཞིན་ནོ། །ཡང༌། འཇམ་གསར་ནས། རྒྭ་ལོ་ཡབ་སྲས་གཉིས། རྡོ་རྗེ་རྒྱལ་མཚན། བུ་སྟོན་མན་འདྲ། ཡང་ན་སེ་མོ་ཆེ་པ་ནས། བོ་དོང་རིན་རྩེ། སྟག་སྡེ་སེང་རྒྱལ། ཤོང་ལོ་སྐུ་མཆེད། ལོ་མཆོག་པ། བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་མན་འདྲ། ཡང་ན་རོང་པ་ཤེར་སེང་ནས། བླ་མ་དཔལ་ལྡན་སེང་གེ །བུ་སྟོན་ལོ་ཙཱ་བ་མན་འདྲ། ༈ རྒྱུད་སྡེ་རིན་ཆེན་རྣམས་སུ་ལྷ་དཔའ་བོ་གཅིག་པ་སོགས། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཚོན་པའི་པཎ་གྲུབ་དུ་མས་སྒྲུབ་ཐབས་ཆུང་ངུ་མང་དུ་མཛད་པ་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ་དེ་ལྟར་གྲགས་ཤིང༌། བླ་མ་བཻ་རོ་ཙ་ན་རཀྵི་ཏ་དང༌། དྷ་བྱང་ཆུབ་སེམས་དཔའ་སོགས་ལ་བ་རི་ལོ་ཙཱ་བས་སྒྲུབ་ཐབས་མི་འདྲ་བ་སྟོང་རྩ་གསན་པའི་ནང་ནས་ཟབ་ཅིང་ཐུགས་གཙིགས་ཆེ་བ་དགུ་བཅུ་གོ་དྲུག་ལ་སྒྲུབ་ཐབས་བརྒྱ་རྩ་ཞེས་བོད་དུ་བསྒྱུར་བའི་ཆོས་ཀྱི་རྣམ་གྲངས་ལ། དཔལ་རྡོ་རྗེ་གདན་གཙོ་འཁོར་