[A:367]པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་ནག་པོ་དབུ་ལྔ་ཕྱག་བཅུ་གཉིས་པའི་སྒྲུབ་ཐབས་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། དབང་དུ་བྱེད་པ་སྒྲོལ་མ་ལྗང་གུ་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། སྒྲོལ་མ་དཀར་མོ་ཕྱག་བཞི་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། སེང་ལྡེང་ནགས་སྒྲོལ་ལྗང་གུ་ཕྱག་གཉིས་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།
ཀླུ་སྒྲུབ་ཀྱིས་མཛད་ཟེར་བའང་སྣང༌།
སྒྲོལ་དཀར་ཚེ་འཛིན་ཕྱག་གཉིས་པའི་སྒྲུབ་ཐབས་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། ཨཽ་ཌི་ཡཱ་ནའི་འོད་ཟེར་ཅན་མ་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་གཙོ་འཁོར་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། འདི་དང་འོག་གི་འོད་ཟེར་ཅན་ལ་རྗེས་གནང་གཅིག །
རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་གཙོ་འཁོར་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། ཨོ་རྒྱན་གྱི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་ལྷ་གཉིས་མའི་སྒྲུབ་ཐབས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་འགྱུར་གོང་འདྲ། ཨཽ་ཌི་ཡཱ་ནའི་རིམ་པའི་འོད་ཟེར་ཅན་མ་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། ཙུནྡྷ་དཀར་མོ་ཕྱག་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། དཔལ་སྣོད་གནས་སེར་པོ་ཕྱག་གཉིས་པའི་