R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 372
[A:372]ཞེ་གཉིས་ཀྱི་ཆོས་སྡེའི་རྣམ་གྲངས་ལ་རྒྱ་གཞུང་གི་གོ་རིམ་སོར་བཞག །རྗེས་གནང་དུས་འཁྲུགས་བསྡེབས་བྱས་ནས་ལྷ་སྔགས་གཅིག་པ་རྣམས་རྗེས་གནང་གཅིག་གིས་འཐུས་པའོ། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ། དེའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པའོ། །
འདི་གཉིས་ལ་ལྷ་མི་གསལ་བ་འཇམ་དཔལ་རྩ་རྒྱུད་ནས་ལྷ་ཁ་བསྐང་སྟཻ་རྗེས་གནང་ཡོད་པའི་ལུགས་སོ། །
རྗེ་བཙུན་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་མན་ངག་གི་ཆོ་ག །
དེ་གསུམ་ལ་རྗེས་གནང་གཅིག །
ཡང་དེའི་སྒྲུབ་ཐབས་མི་འདྲ་བ་གཉིས། འཕགས་པ་ཡི་གེ་དྲུག་པ་རིག་པ་ཆེན་པོ་དཀར་པོ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དཔལ་ལྡན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པའི་དཔལ་ལྡན་འཇིག་རྟེན་མགོན་པོ་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས། དཔལ་ལྡན་འཇིག་རྟེན་མགོན་པོ་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས། འཕགས་པ་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་མན་ངག་རྒྱ་ཆེན་བརྒྱུད་པའི་སྒྲུབ་ཐབས་ཀྱི་ཆོ་ག་ཞེས་པ་ཡི་གེ་དྲུག་པ་ཕྱག་བཞི་པ་དཀར་པོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས། རྣམ་སྣང་མངོན་བྱང་ནས་བཤད་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པའི་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་རྙོག་པ་མེད་པས་མཛད་པ། པོ་ཏ་ལ་ཀེ་ཁ་སརྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ། སློབ་དཔོན་དགེ་བྱེད་
བདེ་བྱེད་ཟེར་བའང་འདུག
་ཀྱིས་མཛད་པའི་ཁ་སརྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས། དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་ལྷ་ལྔའི་སྒྲུབ་ཐབས་ཨ་ནུ་ས་མ་རཀྵི་ཏས་ཅུང་ཟད་རྒྱས་པར་མཛད།
དེ་བཞི་ལ་རྗེས་གནང་གཅིག །
དཔལ་ལྡན་མཁའ་སྤྱོད་ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་