[A:378]སྒྲུབ་ཐབས། དོན་ཐམས་ཅད་རབ་ཏུ་སྦྱིན་པའི་སྒྲོལ་མ་གསེར་མདོག་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས། སྒྲོལ་མ་དམར་མོ་ཕྱག་བཞི་མར་སྟོན་པ་རྗེ་བཙུན་འཕགས་མ་སྒྲོལ་མའི་ཆོ་གའམ་གཟུངས་འཕགས་མ་དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།
འདི་ཡང་འོག་མའི་ཁོངས་སུ་འདུ་བ་ལས་རྗེས་གནང་ཟུར་དུ་མི་མཛད།
དེའི་གཟུངས། འདི་ནས་དུག་སེལ་མའི་རྟོག་པའི་བར་གྱི་བཞི་ལ་རྗེས་གནང་གཅིག་མཛད། རིན་ཆེན་སྒྲོན་མེར་རྟོག་པའི་ལྷ་སྐུ་མདོག་ལྗང་གུ་དང་ཕྱག་མཚན་མི་གཅིག་པས་རྗེས་གནང་ཟུར་དུ་མཛད་འདུག་པ་འཐད་ཅིང༌། རིག་སྔགས་ཆེན་མོ་ལ་རྗེས་གནང་མེད་ཅེས་ཀྱང་གསུང་ངོ༌། །ཞེས་གངྒཱའི་ཆུ་རྒྱུན་ནས་འབྱུང་མོད་ཀྱང་བརྟག་གོ །
ཡང༌། དུག་སེལ་མའི་སྒྲུབ་ཐབས། དུག་སེལ་མའི་རིག་སྔགས་ཆེན་མོ། འཕགས་མ་དུག་སེལ་མའི་རྟོག་པ། འཕགས་པ་ཛམ་གུ་ལིའི་སྒྲུབ་ཐབས་ཞེས་པའི་དུག་སེལ་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས། འོད་ཟེར་འབར་ཞིང་མཆེ་བ་གཙིགས་པའི་རལ་གཅིག་མ་ནག་མོ་ཞལ་བཅུ་གཉིས་ཕྱག་ཉེར་བཞི་མའི་སྒྲུབ་ཐབས། རལ་གཅིག་མ་ཕྱག་བཞི་མའི་སྒྲུབ་ཐབས་གྲུབ་པ༑ འཕགས་མ་རལ་གཅིག་མའི་སྒྲུབ་ཐབས་ལེ་ཚན་གཉིས། དེ་གསུམ་ལ་རྗེས་གནང་གཅིག
།
འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བོད་ནས་སྤྱན་དྲངས་པའི་རལ་གཅིག་མ་ནག་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་ལ་ནང་གསེས་ཀྱི་ཕྱག་བཞི་མ་ཕྱག་བརྒྱད་མ་སོ་སོར་རྡོ་རྗེ་གདན་པའི་གསན་ཡིག་ནས་སོ། །ཐར་རྩེ་པ་ཕྱག་བརྒྱད་མ་གཅིག་པུའོ། །
རྡོ་རྗེ་གུར་ནས་གསུངས་པའི་ཙུནྡྷ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་གསུམ་ཀར་རྗེས་གནང་གཅིག །
རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་མ་གཙོ་འཁོར་ལྔའི་སྒྲུབ་ཐབས། འདི་དང་འོག་གི་དཀར་མོ་ལ་རྗེས་གནང་གཅིག །
མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་དང་འོག་གི་མྱ་ངན་མེད་པའི་སེར་མོ་ལ་རྗེས་གནང་གཅིག །
རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔའི་སྒྲུབ་ཐབས། འདི་དང་འོག་གི་གཉིས་ཏེ་