[A:383]གསུངས་པའི་རྗེ་བཙུན་བྱམས་པ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་གཉིས་
ལ་རྗེས་གནང་གཅིག །
ཛམྦྷ་ལ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་ཨུཙྪུཥྨའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཛམ་སེར་གནོད་སྦྱིན་ཕོ་དགུ་མོ་དགུ་ཡབ་ཡུམ་གཅིག་ཏུ་བསྡོམས་པ་ལྷ་དགུའི་སྒྲུབ་ཐབས། ནོར་རྒྱུན་མ་གཙོ་འཁོར་ལ་ཡབ་རྣམས་ལུས་དཀྱིལ་གྱི་ཚུལ་དུ་བཀོད་པའི་ཛམ་སེར་ལྷ་མང་གི་སྒྲུབ་ཐབས། འདི་དང་འོག་ནས་འབྱུང་བ་གཅིག་སྟེ་གཉིས་ལ་རྗེས་གནང་གཅིག །
ཛམ་སེར་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། ཛམ་སེར་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། ཡང་ཛམྦྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ། དེ་གཉིས་ལ་རྗེས་གནང་གཅིག
།
ནོར་རྒྱུན་མ་གཙོ་འཁོར་ལ་ཡབ་རྣམས་ལུས་དཀྱིལ་གྱི་ཚུལ་དུ་བཀོད་པའི་ཛམ་སེར་ལྷ་མང་གི་སྒྲུབ་ཐབས། ཛམྦྷ་ལ་ལ་ཆུ་རྒྱུན་འབུལ་བའི་མན་ངག་ནང་གསེས་སུ་ལེ་ཚན་གསུམ་ཡོད་པ་ལ་རྗེས་གནང་མེད།
རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་བརྒྱད་པའི་སྒྲུབ་ཐབས་ཙནྡྲ་གོ་མིས་མཛད་པ། རྟོག་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་ཕྱག་གཉིས་པའི་སྒྲུབ་ཐབས། རྒྱུད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་ཞལ་གསུམ་ཕྱག་བརྒྱད་ལྷ་ལྔའི་སྒྲུབ་ཐབས་པཎྜི་ཏ་ཤྲདྡྷ་ཀ་རས་མཛད་པ། འཇིག་རྟེན་གསུམ་རྒྱལ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བ་མཐིང་ཁ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། རྡོ་རྗེ་རྟ་མཆོག་དམར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས། བླ་མེད།
གཤིན་རྗེ་གཤེད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་གཉིས་ལ་རྗེས་གནང་གཅིག །བླ་མེད།
གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། དེ་གཉིས་ལ་རྗེས་གནང་གཅིག །བླ་མེད།
གཤིན་རྗེ་མཐར་བྱེད་གདོང་དྲུག་པའི་