R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 386
[A:386]ནོར་སྒྲུབ་ཐབས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱས་བསྒྱུར་བ། དེའི་འགྲེལ་པ་རྡོ་རྗེ་གདན་པས་མཛད་པ་བ་རིས་བསྒྱུར་བ། ཕྱིས་པ་ཚབ་ལོ་ཙཱས་ཀྱང་བསྒྱུར་རོ། །ཡང༌། དབུ་ན་བླ་མ་བ་རི་བ་རྒྱ་གར་ན་བཞུགས་དུས་ཤིན་ཏུ་སྐྲཻན་པ་ལ་ཞེས་དང༌། གཤམ་ན་ཆོས་སྒྲུབ་པའི་ཆོས་རྒྱགས་བྱའོ། །ཡང༌། དབུ་ན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ། མན་ངག་འདི་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་ལ་གནང་བ། གཤམ་ན་ཕུན་སུམ་ཚོགས་པར་བྱེད་དོ། །ཡང༌། དབུ་ན་ན་མོ་གུ་རུ། ནས། བ་རི་ལོ་ཙཱ་བ་བོད་དུ་གཤེགས་ཁར་ཟས་ནོར་གྱིས་འཚོ་བའི་ཆ་རྐྱེན་དུ་འདི་བསྐུར་རོ། ། གཤམ་ན་བླ་མ་རྡོ་རྗེ་གདན་པའི་གདམས་པའོ། །ཞེས་པའི་ཆོས་ཚན་ལྔའི་ལུང་དང༌། དེ་དག་གི་ལག་ལེན་སྒྲུབ་ཐབས་འཁོར་ལོ་བྲི་ཡིག་ས་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། སློབ་དཔོན་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་བློ་བཟང་པ། སེང་གེ་དཔལ། བླ་མ་བསོད་ནམས་རྒྱལ། ཆག་ལོ་རིན་ཆེན་ཆོས་རྒྱལ། བར་འདིར་བླ་མ་གཉིས་ཙམ་མ་རྙེད། མཁྱེན་བརྩེའི་དབང་ཕྱུག །རིན་པོ་ཆེ་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་གོ །ཡང༌། ཆག་ལོ་རིན་ཆེན་ཆོས་རྒྱལ་ནས། འཇམ་དབྱངས་ས་ལོ་ཀུན་དགའ་བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། སྤུན་གསུམ་བྲན་འཁོལ་མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་པ། དེས་བདག་གོ །ཡང་ན་ས་ལོ་ནས། པཎ་ཆེན་ནམ་མཁའ་དབང་ཕྱུག །