R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 403
[A:403]ཐུགས་རྗེའི་ཐུགས་ནི་ཞེས་པ་
༣།
གསུང་རབ་རིན་པོ་ཆེ་རྣམ་པར་བཀོད་པའི་མཚོན་བྱེད་ཅེས་བྱ་བ་
༣།
ཡང༌། ཆོས་བཞེངས་ཚུལ་ཆོས་ཀྱི་དབྱིངས་ལས་ཞེས་པ་༢
ཆོས་བཞེངས་པའི་མཚོན་བྱེད་ཉེ་བར་བཀོད་པ་ཞེས་བྱ་བ་
༢།
བཀྲ་ཤིས་ཀྱི་སྐོར་རྣམས་ཚང་བར་བཞུགས་
༡༧།
ཁྱོན་༣༠༢
ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་རིན་ཆེན་སྒང་བླ་བྲང་དུ་ཡབ་སྲས་གོང་མ་བཞི་དང་འཕགས་པ་རང་གི་བཀའ་འབུམ་གྱི་ཕྱེད་ཡན་རྫོགས་མཚམས་སུ་དུས་འཁྲུག་ལངས་པའི་དེ་ལྷག་རྣམས་སྣར་ཐང་ཆུ་མིག་ཏུ་གསུངས་པའི་དུས་སྔ་ཕྱི་གཉིས་ལ་ལུང་ཉན་པར་ཡོད་པ་དཀོན་གཉེར་དཔོན་དགའ་ལྡན་པ་ཀུན་བསོད། གཉན་ཕུ་བ་ཀུན་རྡོར། འཇམ་སྐྱ་པ། ཚོགས་སྒོམ་པ། ཞང་སྟོན་པ་སོགས་ཁ་ཡར་ལ་བརྒྱུད་པའི་ལུང་ཚང་བར་ཡོད་པའི་ཡབ་སྲས་གསུམ་གྱི་ལུང་རྣམས་ཚང་མར་ཡོད་ཅེས་གསུང་ངོ༌། །དེ་ལྟར་ན་རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཆོས་ཀྱི་རྒྱལ་པོ་འཕགས་པ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། བླ་མ་ལུང་རིགས་རྒྱ་མཚོ། མཁར་ཆེན་སེང་གེ་དཔལ་བཟང༌། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། འབྲི་ཁུང་མཁན་ཆེན་རྣམ་མགོན་དྲི་མེད་སྡེ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། སྔགས་འཆང་ཚེ་དབང་བཀྲ་ཤིས། རབ་འབྱམས་སྨྲ་བ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། པཎ་ཆེན་བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ།
བླ་མ་བྱམས་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག
།མཁན་ཆེན་ཆོས་དབང་རྒྱ་མཚོ། དགེ་སློང་བསྐལ་བཟང་ཕྲིན་ལས། བྱམས་པ་ཀུན་དགའ་བསྟན་དར། བསླབ་