[A:404]
གསུམ་རྣམ་པར་དག་པ་ཁྱབ་བདག་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ཝཱ་གིནྡྲ་ལའོ། །
སྐབས་སུ་བབ་པའི་ཡིད་ཆེས་ངོ་མཚར་བའི་འཕྲོས་དོན། རང་གཞན་གྱི་བཟང་རྟོག་སྤེལ་བ་ཅུང་ཟད་བྲིའོ། །དེ་ཡང༌། རྫོང་པ་དང༌། ངོར་པ་སྤྱི་མཐུན་ཞིང༌། སྐབས་འདིར་རྗེ་བཙུན་མུ་སྲད་པའི་གསུང་ལས་འདི་སྐད་དུ་ཆོས་ཀྱི་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས། བླ་མ་དཔལ་ལྡན་སེང་གེའི་ཐུགས་དགོངས་རྫོགས་ཕྱིར་དུ་མཁན་པོ་ཤེས་རབ་རྡོ་རྗེ་དང༌། དབུས་པ་རིན་རྒྱལ་གཉིས་མངའ་རིས་དབུས་རྩང་ཁམས་གསུམ་གྱི་དགོན་གནས་ཀུན་ཏུ་མངགས་ནས། རྗེ་བཙུན་ཡབ་སྲས་གསུམ་གྱི་བཀའ་འབུམ། ལུང་ཡོད་པ་ཀུན་ལས་ལུང་བླངས་ཏེ། གླེགས་བམ་དང་དཔེ་ལུང་ཕྱོགས་གཅིག་ཏུ་བསྒྲིགས་སོ། །ཞེས་གྲགས་པས། རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་འདི་ཉིད། ལུགས་སྲོལ་འདི་ལ་བཀའ་བསྡུ་བ་པོ་ཡིན་ནོ། །དེ་དག་དུ་མ་འདུས་པ་ཕྱིས་སུ། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་ཀྱང་སླར་རྙེད་པ་རྣམས་ཁ་སྐོང་བར་མཛད་པས་ཤིན་ཏུ་བཀའ་དྲིན་ཆེ་བ་ཡིན་ནོ། །ཞེས་ཁོ་བོའི་བླ་མ་རྣམས་གསུང་ངོ༌། །ཆོས་རྗེ་ཁུ་དབོན་གྱི་བཀའ་འབུམ་ནི། ཞང་དཀོན་དཔལ་ནས་ཡོངས་སུ་རྫོགས་པར་བརྒྱུད་དེ་འོངས་པས། གླེགས་བམ་དང་དཔེ་ལུང་སྔ་མོ་ཉིད་ནས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གནས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཡེ་དཾ་གཞོན་ཚུལ་གསུམ་གསུམ་ལས་ས། ཨཱ་དཾ་མགོན་ཚུལ་དང་སྲས་རྩེ། བར་མའི་དང་པོ་རྣམ་པ་ལྔ། བསོད་སེང་དཔལ་རྒྱལ་གཞོན་བཟང་རྗེ་ཞེས་གསུངས་སོ། །དེ་དག་གི་དོན་ནི། མཁན་ཆེན་ཤེར་རྡོར་བས་རྗེ་ས་ཆེན་གྱི་བཀའ་འབུམ་བླ་མ་གསུམ་ལས་ལུང་བླངས་ཏེ། དེའང་བླ་མ་ཡེ་ཤེས་དཔལ། བླ་མ་དམ་པ༑ བྱང་ཆེན་པ་གཞོན་ཚུལ་ཏེ་གསུམ་མོ། །རྗེ་རྩེ་མོའི་བཀའ་འབུམ་བླ་མ་དྲུག་ལས་ལུང་བླངས་ཏེ། བླ་མ་ཨ་མོ་གྷ། བླ་མ་དམ་པ། མཁན་ཆེན་གཞོན་ནུ་མགོན། བླ་མ་