[A:416]བྲིས་པ་དང་འདིར་ཡང་མཐུན་ནོ། །རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས་ལ་ཞུས་པ། གཏོར་མ་བརྒྱ་རྩ། མཚན་བརྗོད་འདོན་ཐབས། རྣམ་འཇོམས་རྣམ་བཤད་བདུད་རྩི་སྤེལ་བ། གང་ཞིག་ཤིང་དབང༌། ཐུབ་པའི་དགོངས་གསལ། སེམས་བསྐྱེད་ཆེན་མོ། ཞེན་པ་བཞི་བྲལ་འགྲེལ་པ། ཕྱི་ནང་གསང་བའི་མཎྜལ། མཚོ་སྐྱེས་ཀྱི་ཨཥྟའི་ཚིགས་བཅད། འཇམ་དབྱངས་དམར་སེར་སྒྲུབ་ཐབས། ཉིན་ཞག་ཕྲུགས་གཅིག་གི་གཏོར་མའི་རིམ་པ། ཚོགས་བདག་བསྟོད་པ་རྣམས་ཀྱི་བརྒྱུད་པ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཤཱི་ལ་མངྒ་ལ་པཱ་ད། དེས་བདག་གོ །བླ་མ་པཎ་ཆེན་ལ་ཆོས་རྗེ་རིན་ཆེན་རྒྱ་མཚོས་ས་སྐྱ་བཀའ་འབུམ་གསན་དུས། བདག་ནི་ཉི་གླིང་རྡོ་རྗེ་འཆང་དེ་ཉིད་ཀྱི་དངུལ་གདུང་བཞེངས་པའི་ཐིག་རྩ་དང་གཟུངས་འབུལ་བ་དང་ཐུག་པས་སྐལ་བ་མི་བཟང་བར་གྱུར་ཏོ། །
དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བཀའ་འབུམ་པུསྟ་ཀ་བཅུ་གཉིས་ནས་ལུང་ཕྲན་བུའི་ལམ་འབྲས་གླེགས་བམ་པོད་ནག་མ་གོང་དུ་བྲིས། དཔལ་དུས་ཀྱི་འཁོར་ལོའི་སྲུང་འཁོར་བདུད་ཐམས་ཅད་འཇོམས་པ། མངོན་རྟོགས་དངོས་གྲུབ་འདོད་འཇོ། དཀྱིལ་ཆོག་རྒྱུད་དོན་གསལ་བ་
ཆོས་ཕྲེང་བརྒྱུད་པ་འདིའི་ཚབ་རྡོ་རྗེ་ཆོས་ལེགས་
རྣམས་ཀྱི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ། བླ་ཆེན་ཀུན་རྒྱལ། ཐེག་ཆེན་ཆོས་རྒྱལ། རིན་ཆེན་སེང་གེ་དཔལ། བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ནས་རིམ་པར། བླ་མ་རྡོ་རྗེ་གྲགས་པ། མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་རྗེ་འཛིན་པ་པཎ་ཆེན་བསོད་ནམས་མཆོག་ལྡན། ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། བྱམས་པ་བསྟན་པ་རྒྱ་མཚོ། བླ་མ་རྣམ་རྒྱལ་ཡར་འཕེལ། མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་མ་ཀུན་དགའ་ཆོས་འཕེལ། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། དགེ་སློང་དགེ་འདུན་ཡར་འཕེལ། གསུམ་ལྡན་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
དེས་