R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 418
[A:418]རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
རྗེ་རིན་ཆེན་རྒྱ་མཚོ། མང་ཐོས་རྒྱ་མཚོ། ཀུན་དགའ་སྦྱིན་པ། ཀུན་བཟང་ཆོས་འཕེལ། ཀུན་དགའ་དབང་རྒྱལ། བསྟན་འཛིན་ཚུལ་ཁྲིམས། བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
དེས་བདག་གོ །གཤིན་རྗེ་གཤེད་སྐོར་གྱི་དཀྱིལ་ཆོག་བདུད་རྩི་རོལ་མཚོའི་ལུང་བརྒྱུད་ནི། མཛད་པ་པོ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་ནས་རིམ་པར། སློབ་དཔོན་མཁྱེན་རབ་རྣམ་རྒྱལ་དང༌། བཀའ་བཅུ་བ་མཆོག་གྲུབ། དེ་གཉིས་ལ་དགེ་སློང་ཡོན་ཏན་རིན་ཆེན། དེས་རྡོ་རྗེ་འཛིན་པ་བསོད་ནམས་མཆོག་ལྡན། དེས་བདག་གོ །དག་ལྡན་སྙེ་མ་ནི་རྒྱུད་བཤད་སྐབས་ནའོ། །མགོན་པོ་རྣམ་རོལ་མགོན་པོད་ནའོ། ༈ །བྲག་ཐོག་པའི་ཀྱེ་རྡོར་དཀྱིལ་ཆོག་ལུང་བརྒྱུད་ལམ་འབྲས་བཞིན་ནོ། ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་བཀའ་འབུམཔུསྟ་ཀ་བཞི་ཙམ་ནས་ལུང་ཐོབ་པའི་སྐོར་ལ༑ རྗེ་བཙུན་བྲག་ཐོག་པའི་བསྟོད་པ་གང་མཁྱེན་མདྲན་སྐུལ་དོན་ལ་ཅི་ཡང་མེད་པདཔལ་ཀྱེ་རྡོ་རྗེའི་བསྐྱེད་རིམ་རྣམ་བཤད་ཉིན་མོར་བྱེད་པའི་སྣང་བའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོརྒྱལ་ཚབ་དམ་པ་བྱང་ཆུབ་དབང་རྒྱལ། དེ་སྲས་ཐུ་བོ་ཤཱཀྱ་ཀུན་དགའ། བླ་མ་རྡོ་རྗེ་གྲགས་པ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རིན་པོ་ཆེ་རྣམ་རྒྱལ་དཔལ་བཟང༌། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། བྱམས་པ་བསྟན་པ་རྒྱ་མཚོ། བླ་མ་བསོད་ནམས་བློ་གྲོས། གྲུབ་གླིང་བསོད་ནམས་རྣམ་རྒྱལ། དཀོན་མཆོག་སྦྱིན་པ། ཀུན་དགའ་བསྟན་དར། ཁྱབ་བདག་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
དེས་བདག་གོ །སྦྱིན་སྲེག་མེ་ཤེལ་ཕྲེང་བ།
དཀོན་མཆོག་སྦྱིན་པ། ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
ཚོགས་འཁོར་གྲུབ་པའི་དགའ་སྟོན་བརྒྱུད་པ་ནི།
བརྒྱུད་པ་གོང་དང་འདྲ་ཚོད་ལས་བསྟན་འཛིན་ཚུལ་ཁྲིམས་ཀྱིས་ཕུན་ཚོགས་རྣམ་རྒྱལ་ལ་གསན། དེས་བདག་ལའོ། །
རྣམ་བཤད་ཉིན་མོར་བྱེད་པ་བཞིན་ནོ། །ཀུན་བཟང་རོལ་པའི་དཔུང་གཉེན། ༼པ༽ཀུན་