R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 122
[A:122]ཨེ་གཅིག་བརྟག་གོ །འཕགས་པ་རིན་པོ་ཆེའི་ལམ་འབྲས་ཕྱག་མཆོད། དབང་གསུམ་པའི་ལམ་རྒྱས་བསྡུས། ལུས་དཀྱིལ་གསལ་འདེབས། ལམ་དུས་ཀྱི་དབང་རྒྱས་པ། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག །ཚོགས་སྦྱོར་མངོན་རྟོགས་རྣམས་སོ། །འདིར་ས་ཆེན་གྱི་གགས་སེལ་གསུམ་སོགས་འགའ་ཤས་མ་གཏོགས། གཞན་རྣམས་ས་སྐྱ་བཀའ་འབུམ་གྱི་དཀར་ཆག་དང་བསྟུན་ནས་གནང་བྱུང་བས། སླར་ཡང་བཀའ་འབུམ་དང་བསྟུན་དགོས་ཡོད་དོ། ༈ །ཉི་གླིང་རྗེས་འཇམ་དབྱངས་དབང་ཕྱུག་རྒྱལ་མཚན་ལ་གསན་པ་ནི། བསག་སྦྱང་གཉིས། ཡིག་བརྒྱའི་བཟླས་ལུང༌། ཨཥྟའི་བཟླས་ལུང༌། ལམ་ཟབ་བླ་མ་ལུས་དཀྱིལ་ཡོད་མེད་གཉིས་ཀ །བིར་བསྲུང་ཐུན་མོང་བ། བརྡ་ཆིག་བརྒྱུད། སྒྲུབ་པའི་ལུང་སྦྱིན་རྣམས་ཀྱི་བྱིན་བརླབས། ལུང་གི་སྐོར་ལ། ཁྲིད་ཀྱི་དཀར་ཆག །སྒྲུབ་པ་ལུང་སྦྱིན། བླ་མའི་རྣལ་འབྱོར། ལམ་འབྲས་ཕྱག་མཆོད། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག ། འཕགས་པའི་རྡོ་རྗེ་ཚིག་རྐང༌། རྣམ་འགྲེལ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། དཔལ་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚནརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཉི་གླིང་རྗེས། བླ་མ་ལྷ་དབང་ཕྲིན་ལས་ལ་གསན་པ་ནི། སྦས་དོན་གསལ་བའི་སྟེང་ནས་ཁྲིད་ཕྱག་ལེན་བཞིན་ཚང་མ། རྡོ་རྗེ་ཚིག་རྐང༌། འཁོར་འདས་དབྱེར་མེད། ཕྲིན་ལས་སོ་གཉིས་གཞུང་ལག་ལེན་སོགས་ཚང་མ། ཀྱེ་རྡོ་རྗེ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང༌། རྗེ་བཙུན་བདག་མེད་མའི་ལུས་དཀྱིལ་དབང༌། ཡིག་བརྒྱའི་བཟླས་ལུང༌། ཨཥྟའི་བཟླས་ལུང༌། བརྡ་ཆིག་བརྒྱུད། ལམ་ཟབ་བླ་མའི་བྱིན་བརླབས། བིར་བསྲུང་བྱིན་བརླབས། ཡང༌། ལམ་ཟབ་ལུས་དཀྱིལ་མའི་བྱིན་བརླབས། བིར་བསྲུང་དག་པ་དང་སྦྱར་བ་རྒྱས་པ་གཅིག་གི་བྱིན་བརླབས། དེ་རྣམས་ཀྱི་ཉམས་ལེན་དང་བཅས་པ། མན་ངག་བཤད་མཛོད་སྟེང་ནས་གཞུང་བཤད་ཚང་མ་དང་བཅས་པ་ཐོབ་བོ།།