[A:123] དེ་ནས་ལུང་གི་རིམ་པ་ཐོབ་པ་ལ། ལམ་སྐོར་ནང་མ་ལ། རྩ་བ་རྡོ་རྗེའི་ཚིག་རྐང་ལུང་དང༌། དེའི་བསྡུས་དོན་
ཤོག་ལོགས་ཙམ་
གཅིག་ཀྱང་ཞུས། ལམ་འབྲས་གླེགས་བམ་གུད་དུ་གསུངས་པ་རྣམས་དང་བཅས་ཡོངས་རྫོགས་ཐོབ་ཅིང༌། དེ་ཡང་ཞིབ་ཏུ་བཤད་ན། སྡོམ་ཚིག་གི་སྒོ་ནས་མདོར་བསྟན་པ་དང༌། དེ་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དཀར་ཆག་རྣམ་འགྲེལ་གསལ་བྱེད་ཉེར་གསུམ་དང༌། །འཕྲོས་དོན་བཅུ་བདུན་འབྲིང་དང་བསྡུས་པ་དང༌། །གཞུང་ཤིང་བཞི་དང་རྟོགས་པ་བསྐྱེད་པ་ལྔ། །དཔེ་ཆུང་ལྔ་དང་བླ་མའི་རྣལ་འབྱོར་དང༌། །ལུང་སྦྱོར་གསུམ་དང་བརྒྱུད་པའི་ལོ་རྒྱུས་གཉིས། །ཡི་གེ་ཕྲ་མོ་ལྔ་བཅུ་རྩ་གཉིས་ཏེ། །བཅོ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་བལྟས་ནས། །རྣམ་པར་ཕྱེ་བས་མན་ངག་ཤེས་པར་འགྱུར། །ཞེས་སོ། །གཉིས་པ་དེ་དོན་རྒྱས་པར་བཤད་པ་ལ། ཡིག་ཆ་ལྷག་ཆད་སྤང་བའི་ཕྱིར་དཀར་ཆག་བསྟན་པ་དང༌། དེས་བསྟན་པའི་ཡིག་ཆའི་རྣམ་གྲངས་བཤད་པ་གཉིས། དང་པོ་ནི་གླེགས་བམ་དཀར་ཆག་སྟེ། རྗེ་པའིའོ། །
གཉིས་པ་ལ༑ རྩ་བའི་གཞུང་གི་རྣམ་འགྲེལ་ངོས་བཟུང་བ་དང༌། དེའི་དོན་གསལ་བར་བྱེད་པའི་ཡིག་ཆའི་གྲངས་བསྟན་པའོ། །དང་པོ་ནི་རྣམ་འགྲེལ་གཉག་མ་སྟེ་ས་ཆེན་གྱིའོ། །གཉིས་པ་ལ། རྒྱས་འབྲིང་བསྡུས་གསུམ་བསྟན་པ་དང༌། ཟབ་འབྲིང་ཐ་གསུམ་བསྟན་པ་དང༌། དེ་དག་གི་རྒྱབ་རྟེན་བསྟན་པ། ཡི་གེ་ཞལ་འཕངས་བསྟན་པ་སྟེ་བཞི་ལས། དང་པོ་ལ་རྒྱས་འབྲིང་བསྡུས་གསུམ་བསྟན་པ་དངོས་དང༌། དེ་གསུམ་གའི་ཐུན་མོང་གི་ཆོས་བསྟན་པ་གཉིས་ལས། དང་པོ་ལ་རྒྱས་པ་འབྲིང་པོ་བསྡུས་པ་བསྟན་པ་སྟེ་གསུམ། དང་པོ་ལ། གཉག་མ་ཉིད་ཀྱི་སྟེང་དུ་འཆད་པ་གཙོ་ཆེ་བ་གསལ་བྱེད་ཉེར་གསུམ་བཤད་པ་དང༌། གུད་དུ་གསུངས་པ་དང་བཅས་པའི་འཕྲོས་དོན་བཅུ་བདུན་བཤད་པ་གཉིས། དང་པོ་ལ། འཁོར་འདས་ཐུན་མོང་གསལ་བྱེད་བཅུ་བདུན་བཤད། འཁོར་ལོ་འཆམ་པ་གསལ་བྱེད་