[A:435]ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་གདོང་བཞི་ལྕམ་དྲལ་ལ་ཟླ་བ་རེ་རེ་ཞིང་དུས་བཟང་པའོ། །ནས། གཏོར་མ་མ་ཆག་པ་གལ་ཆེའོ། །མཐའ་ཅན།
རྩ་སྔགས། ལས་སྔགས། ཐེམ་ཡིག་ནི།
མགོར། ཨོཾ་མཧཱ་ཀཱ་ལ་ཀཱ་ལ། བི་ཀ་ཊ། ནས། སིདྡྷི། ཐོག་མར་ཤྲི་དང་ཏེའི་བར་ན་ཡི་གེ །ནས། སྔགས་ཀྱི་ཐེམ་ཡིག་བསྟན་པའོ། །ཨྠིྀ། ཡང༌། ཨོཾ་སྭསྟི། ཤྲཱི་མཧཱའ་ཀཱ་ལ་པུཛནྟེ། ནས། ར་ཏྲི་ཏ་ཧཱུཾ་ཕཊ་སྭཱཧཱ། མཐའ་ཅན། རྟེན་གཟུགས་ཤིང༌། མཆོད་པ་ནས། ལས་ཀྱི་མཇུག་བསྡུ་བར་ཡིག་སྣ་བཅོ་བརྒྱད་དང༌། མདོས་ཆོག །དེ་དག་གི་མགོར་མཆོད་བརྗོད། མཐར་སྦྱར་བྱང་གི་རིས་ཡོད་པ་ནི།
ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ་དང༌། ཁྱེད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །དང༌། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༌། །རྒྱ་གར་སྐད་དུ། མཧཱ་ཀཱ་ལ་ཙ་ཏུརྨུ་ཁ་རུ་ནི། དང༌། པདྨ་ཉི་མ་རོ་སྟེང་དུ། །དང༌། མི་རྟོག་དབྱིངས་ནས་ཐུགས་རྗེའི་སྐུ་བཞེངས་ཤིག །དང༌། རྡོ་རྗེ་འཆང་དབང་ཐུགས་ཀྱི་ཕྲིན་ལས་ལས། །དང༌། འཇིགས་བྱེད་དཔའ་བོ་སྲིད་གསུམ་གཡོ། །དང༌། དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །དང༌། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །དང༌། སྲིད་གསུམ་དབང་བསྒྱུར་དཔལ་ལྡན་ནག་པོ་ཆེ། །དང༌། སྟོང་ཉིད་སྙིང་རྗེའི་བདག་ཉིད་སྐུ། །དང༌། མཐུ་ཆེན་སྡང་བའི་དགྲ་ཡི་དགྲ། །དང༌། སྐུ་གསུམ་མངོན་གྱུར་རྡོ་རྗེ་འཆང་དབང་གི ། དང༌། རྒྱལ་བ་ཀུན་གྱི་ཐུགས་ལས་སྤྲུལ་པའི་སྐུ། །དང༌། ནག་པོ་ཆེན་པོ་མཆེ་བ་ཅན། ། དང༌། ལེགས་ལྡན་ནག་པོའི་ལས་བྱེད་ཕོ་ཉའི་ཚོགས། །དང༌། དཔལ་ལྡན་མགོན་པོ་ཕྱག་བཞི་པ། །དང༌། ཐུགས་དམ་མདོས་ཀྱིས་བསྐང་བ་ནི། །ནས། དགྲ་ཕྱོགས་སུ་བྱས་ན་ཐེ་ཚོམ་མེད་དོ། །ས་མ་པ་ཐ། ཨྠིྀ། མཐའ་ཅན་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། གཉན་ལོ་ཙཱ་བ། གནམ་ཁའུ་པ་རྡོ་རྗེ་བདུད་འཇོམས། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་