R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 440
[A:440] སྔགས་བཟླས་སེང་གེའི་ང་རོ། མཚན་མ་གྱེན་བསྒྲེང༌། རྭ་རྩེའི་རྣལ་འབྱོར། མཚན་མོ་རྒྱུ་བ༑ འཕྲུལ་འཁོར་གྱི་མན་ངག །གཏོར་མའི་ཕྱག་ལེན། འཕོ་བའི་མན་ངག །ཟབ་ཆོས་བཀའ་རྒྱ་མ། ཏེའུ་ལོ་པའི་སྒྲུབ་ཐབས། ཚུཙྪུནྡྷ་རའི་ཆོ་ག །ཏེའུ་ལོ་པའི་ཆོ་ག །ཕྱག་མཚན་སྒྲུབ་བསྐོར། རྭ་པའི་ཁྱད་ཆོས། ཨུཥྞཱི་ཥ་རྭ་ནུབ་བི་ཥ་འཇོམས་པ། རྩ་ཞལ་གསུམ་གྱི་ལས་ཚོགས། སྒྲུབ་བསྐོར་དཔེ་སྣ་གསུམ། ལས་གཤིན་རྗེས་གནང༌། རྟོག་བདུན་གྱི་འཁོར་ལོ་ཉིས་ལྟབ་མ་བཞི། རྒྱུད་ལེའུ་བཞི་པ། རྟོག་པ་གསུམ་པ། རྟོག་པ་གཅིག་པའི་གཏམ་རྒྱུད། རྟོག་བདུན་རྡོ་རྗེའི་ཚིག་གི་མདུད་འགྲོལ། རྟོག་གསུམ་འགྲེལ་པ། བསྲུང་བཟློག་གསད་གསུམ། ཡི་གེ་བཞི་པའི་གསད་ཟློག་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་རོ་ལངས་བརྒྱད་བསྐོར་གྱི་དབང་བརྒྱུད་བཞིན་ནོ། །གསུང་བས་ཕལ་ཆེར་རྭ་ལུགས་ཀྱི་དབང་བརྒྱུད་དང་འདྲའམ་སྙམ་མོ། །རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ལ་རྩ་བའི་བླ་མ་དམ་པ་འཇམ་དབྱངས་རྣམ་རྒྱལ་གྱིས་དབང་དང་ལུང་གཉིས་ཀ་གསན་ནོ། །རྒྱུད་རྟོག་པ་བཞི་པའི་ལུང་བརྒྱུད་ནི། སངས་རྒྱས། འཇམ་དབྱངས། རཏྣ་ཤྲཱི། ཤཱཀྱ་ཤྲཱི། བྷུ་མི་ཤྲཱི། འགྲོ་མགོན་འཕགས་པ། ཆོས་རྗེ་དཔལ། ལོ་ཙཱ་གྲགས་རྒྱལ། ལོ་མཆོག །བློ་ཆེན་པ། གར་ཐིག་པ། ཤེར་རྡོར། ཆོས་སྒོ་བ། མཁན་ཆེན་གྲགས་རྡོར་བ། ཆོས་རྗེ་གྲགས་དོན་པ༑ རྔོག་བྱང་ཆུབ་དཔལབླ་མ་དཔལ་ལྡན་རྒྱ་མཚོརྗེ་དཔལ་འཛིན་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། བླ་མ་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚནརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། རྩ་བའི་བླ་མ་དམ་པ་འཇམ་དབྱངས་རྣམ་རྒྱལ། དེས་བདག་ལ་དགྱེས་བཞིན་དུ་སྩལ་ལོ། ༈ །ཨུཥྞཱི་ཥ་རྭ་ཤར་པ་ནས་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཇམ་དབྱངས། ཡེ་ཤེས་ཞབས། དཔལ་འཛིན། ཏི་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་ལོ་རྡོར་གྲགས།