R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 441
[A:441] རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །གཅུང་དྷརྨ་སེང་གེ །རྭ་འབུམ་སེང༌། དཀོན་མཆོག་སེང་གེ །ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། བླ་མ་མགོན་པོ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན། འོད་ཟེར་སེང་གེ །ལྡན་པ་ཚུལ་རྒྱལ། རྒྱལ་བ་ཕྱག་ན། བྲག་ནག་རིན་རྒྱལ། དཔལ་འཛིན་བཟང་པོ་ནས་སྔར་བཞིན་ནོ། ༈ །རྭ་ནུབ་པའི་བརྒྱུད་པ། སངས་རྒྱས་ཡེ་ཤེས་ཞབས། ལ་ལླི་ཏ་བཛྲ། དྲི་མེད་སྦས་པ། དོན་ཡོད་རྡོ་རྗེ། པདྨ་བ། བྷ་རོ་ཕྱག་རྡུམ། རྭ་རྡོ་རྗེ་གྲགས། ཡེ་ཤེས་སེང་གེ །འབུམ་སེང༌། དེ་ནས་རྩད་གཅོད་གསུང༌། རྭ་ལོའི་ཉམས་མགུར་ཆོས་བརྒྱད། རྒྱ་སྟོན་གྱི་བསྲུང་བཟློག་བསད་གསུམ་གྱི་མན་ངག །རྩ་ཞལ་གསུམ་གྱི་ལས་ཚོགས་རྭ་ཕྱི་མས་ཡི་གེར་བཀོད་པ་དང༌། ཁྲག་མདོག་དམར་པོ་ཡབ་ཡུམ་གྱི་སྒྲུབ་ཐབས་ཡིག་ཆའི་ལུང་རྣམས་ཐོབ་བརྒྱུད། ལ་ལླི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་རྡོ་རྗེ་གྲགས། ཆོས་རབ། ཡེ་ཤེས་སེང་གེ །རྭ་དྷརྨ་སེང་གེ །རྭ་དཀོན་མཆོག་སེང་གེ །རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་རྒྱལ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། མཁན་ཆེན་ཤེར་རྡོར།
རྒྱུད་རྟོག་བདུན། རྟོག་གསུམ། རྟོག་གཅིག་རྣམས་རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས་ལ་ཡང་ཐོས།
རིན་པོ་ཆེ་ཤེས་རབ་གྲགས། དཀོན་མཆོག་རྡོ་རྗེམཁན་ཆེན་ནམ་མཁའ་ལྷུན་བཟང༌། རྗེ་དཔལ་འཛིན་བཟང་པོ། རྗེ་བཙུན་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚན་མན་གོང་བཞིན་ནོ། །
༈ ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ཡབ་སྲས་ཀྱི་བཀའ་འབུམ་པུསྟ་ཀ་ཉི་ཤུ་རྩ་ལྔ་ཙམ་ལས་ལུང་ཆ་ཤས་ཙམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། སྦྱོར་དྲུག་གི་རྒྱུད་