R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 447
[A:447]གསུམ་རྒྱལ་འབྱུང་བ་དང༌། བཤད་རྒྱུད་རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་དཀྱིལ་ཆོག་མཁས་པའི་ཡིད་འཕྲོག །རྩེ་མོའི་ས་ཆོག་རྒྱས་པ་མཆན་དམར་ནག་གསུམ་དང་བཅས་པའི་ལུང་བརྒྱུད། ཀུན་མཁྱེན་བུ་སྟོན། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །ཞང་ཞུང་མང་ནང་པ་ནས་བརྒྱུད་པའི་རིག་མ་བཅུ་དྲུག་གི་མཆོད་གར་ལུང་བརྒྱུད་བདེ་མཆོག་ཆོས་འབྱུང་ལྟར་རོ། །རྩེ་མོ་ལ་མཁོ་བའི་ཕྱག་རྒྱའི་རྒྱུད་ཚིག་ལོགས་སུ་ཕྱེ་བ།
མཁན་ཆེན་གསན་ཡིག་ན་མེད་པས་ཕྱག་རྒྱ་ཞེ་བརྒྱད་པའི་སྡོམ་ཚིག་ལ་ལུང་ཡོད་མེད་དཔྱད།
དཔལ་མཆོག་རིགས་བསྡུས་ཀྱི་དཀྱིལ་ཆོག་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་འབྱུང་བ། དཔལ་མཆོག་རིགས་བསྡུས་བསྟོད་
ཚན་པ་གསུམ་ཡོད་
ཆེན། དཔལ་མཆོག་རིགས་བསྡུས་པའི་རྡོ་རྗེས་སྒྲུབ་པ་རྣམས་ཀྱི་ལུང་བརྒྱུད། བདེ་མཆོག་ཆོས་འབྱུང་ལྟར་རོ། །ཡང་ན་ཐུགས་སྲས་རིན་རྣམ། དཔལ་མཆོག་དོན་གྲུབ། ཙནྡྲ་མན་གོང་ལྟར་རོ། །ཡང༌། དཔལ་མཆོག་རིགས་བསྡུས་དཀྱིལ་ཆོག་བརྒྱུད་ལུགས་གཅིག །ཀུན་མཁྱེན་བུ། རྒྱལ་བ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་གོང་ལྟར་རོ། །ཡང་ན། ཀུན་མཁྱེན་བུ་ནས། ཤར་ཆེན་སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བར་འདིར་བླ་མ་གསུམ་ཙམ་dpn: མ་རྙེད། གྲ་ཐང་མཁན་ཆེན་བསོད་ནམས་རྒྱལ་པོ། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། མཁན་ཆེན་པུཎྱ་ཞབས། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེས་བདག་གོ །དཔལ་མཆོག་གི་ཐིག་རྩའི་ལུང་བརྒྱུད་ནི། ཀུན་མཁྱེན་བུ། རྒྱལ་བ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །ལྷ་མོ་བཅུ་གཉིས་ཀྱི་མཆོད་གར། གསང་བ་ཡུམ་བཞིའི་མཆོད་གར་གཉིས་ཀྱི་ལུང་བརྒྱུད། བདེ་མཆོག་ཆོས་འབྱུང་ལྟར་རོ། །ཡང་