R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 449
[A:449]
བསྟན་འཛིན་ཚུལ་ཁྲིམས། དེས་བདག་ལའོ། །
མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ༑ ༑ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དཀྱིལ་ཆོག་འཆི་མེད་གྲུབ་པ། དེའི་ལྷ་ཚོགས་ལ་བསྟོད་པ། རྡོ་རྗེ་མི་འཁྲུགས་པའི་དཀྱིལ་ཆོག་ལས་སྒྲིབ་རྒྱུན་གཅོད། དེ་ལ་བརྟེན་པའི་རོ་སྲེག་ཆོ་ག་རྣམས་ཀྱི་ལུང་བརྒྱུད། བདེ་མཆོག་ཆོས་འབྱུང་ལྟར་རོ། །མི་འཁྲུགས་པའི་དཀྱིལ་འཁོར་ལ་བསྟོད་པ་ལུང་བྱུང་ཡང་མཁན་ཆེན་གྱི་གསན་ཡིག་ན་མི་འདུག་པས་དཔྱད། མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་འཇམ་དཔལ་གྲགས་པས་མཛད་པའི་བསྡུས་དོན་ཉུང་ངུ་རྣམ་གསལ་མཆན་བཅས་ལུང་བརྒྱུད། ཀུན་མཁྱེན་བུ། རྒྱལ་བ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །ཆོས་དབྱིངས་གསུང་དབང་དཀྱིལ་ཆོག་མཁས་པའི་དགའ་སྟོན། ཀུན་མཁྱེན་བུ། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། བྱང་གླིང་དབོན་རྒྱལ་བ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། དཀོན་མཆོག་རྒྱལ་མཚན། མཁན་ཆེན་པུཎྱ། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེས་བདག་གོ །དེའི་དཀྱིལ་འཁོར་ལ་བསྟོད་པ་བདེ་བ་ལས་འཁྲུངས་ཀྱི་ལུང་བརྒྱུད། ཀུན་མཁྱེན་བུ། ཐུགས་སྲས་རིན་རྣམ། སྐུ་ཞང་ནམ་མཁའི་མཚན། མཁས་པ་ཙནྡྲ་མན་བཤད་མ་ཐག་པ་ལྟར་རོ། །རྣམ་སྣང་མངོན་བྱང་དཀྱིལ་ཆོག་སྔགས་འགྲོལ་མཆན་བཅས་ལུང་བརྒྱུད། ཀུན་མཁྱེན་བུ། མཁན་ཆེན་གྲགས་གཞོན་པ། མཁན་པོ་གྲགས་རྒྱན་པ། ཡོན་ཏན་དཔལ། བློ་བཟང་པ། མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །མཆོད་རྟེན་སྒྲུབ་པའི་ཆོ་ག་བྱིན་རླབས་དཔལ་འབར་གྱི་ལུང་བརྒྱུད། ཀུན་མཁྱེན་བུ། ཐུགས་སྲས་རིན་རྣམ། སྐུ་ཞང་ནམ་མཁའི་མཚན། བླ་མ་དོན་གྲུབ་ལེགས་པ། ཚུལ་ཁྲིམས་