R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 127
[A:127] ཨཥྟའི་བཟླས་ལུང༌། བིརྺ་པའི་བྱིན་བརླབས་ཏེ་བཞིའོ། ། གཉིས་པ་ལ། གགས་སེལ་ཉམས་ཆེན། ཉམས་ཆུང༌། དཀར་སྟོན་མ། བཀའ་རྒྱ་མ། གཅེས་བསྡུས། གསང་བདུན་མ༑ ཧ་དམིགས་མ། ལུས་སྦྱོང་ཉི་ཤུ་པ་སྟེ་བརྒྱད་དོ། །གསུམ་པ་ལ། དབང་བཞི་ངོ་སྤྲོད་རྩ་འགྲེལ། ལམ་བསྡུས་པ་ངོ་བོ་ཉིད་གསུམ། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ། གསང་བཅུ་སྤྱོད་པ་སྟེ་བཞིའོ། །སློབ་དཔོན་རྩེ་མོའི་གཅིག་ནི། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་མཆན་མའོ། །རྗེ་བཙུན་གྲགས་པའི་ལྔ་ནི། གསོལ་འདེབས་གཉིས་ནི། ལམ་འབྲས་བརྒྱུད་པའི་གསོལ་འདེབས་ཆེ་ཆུང་གཉིས། གདམས་ཡིག་གཉིས་ནི། དགའ་སྟོན་ལ་གདམས་པ། བྲག་སྟོན་ལ་གདམས་པ། རྣམ་ཐར་གཅིག་ནི་བླ་མ་ཆེན་པོའི་ངོ་མཚར་བའི་ལྟས་གཉིས་གཅིག་ཏུ་བྱས་པ་སྟེ་ལྔའོ། །ས་པཎྜི་ཏ་ཆེན་པོའི་བཅོ་བརྒྱད་ནི། ཁྲིད། བཤད། བླ། བིར་བཞི་ལས། དང་པོ་ཁྲིད་ཀྱི་ཡི་གེ་ནི། ཁྲིད་ཀྱི་དཀར་ཆག །ལམ་སྦས་བཤད། བརྡ་དོན་གསལ་བ། སྒྲུབ་པ་ལུང་སྦྱིན། སྦས་བཤད་ཀྱི་ཡན་ལག་ཕྲ་སྒྲུབ། བརྡ་དོན་གསལ་བའི་ཡན་ལག་དེ་ཉིད་གསལ་བ་སྟེ་དྲུག །གཉིས་པ་བཤད་པའི་ཡི་གེ་ནི། ཨཥྟའི་གཞི་བཤད། ཕྱག་ཆེན་དབྱེ་བ། རྟེན་འབྲེལ་ལྔའི་བཤད་པ། རླུང་ལྟས་བརྟག་པ། འཁོར་བཞིའི་རྒྱ། ས་པཎ་ཟིན་བྲིས་ཏེ་དྲུག །གསུམ་པ་བླ་མའི་རྣལ་འབྱོར་གྱི་ཡི་གེ་གཉིས་ནི། བླ་མའི་རྣལ་འབྱོར་ལིང་ཆུ་རྩེ་ཁབ་མ། གུ་ཤྲི་ཇོ་འབུམ་མ་སྟེ་གཉིས། བཞི་པ་བིར་བསྲུང་གི་ཡི་གེ་བཞི་སྟེ། ཐུན་མོང་མ་ཡིན་པའི་མངོན་རྟོགས། སྔགས་བྱང༌། བསྲུང་བ་རྣམ་གསུམ། རིལ་བུའི་བཅུད་ལེན་ཏེ་བཞི་རྣམས་སོ། །འཕགས་པ་རིན་པོ་ཆེའི་བཅུ་གཉིས་ནི། ཕྱག་མཆོད། ཁྲིད། ལུས་དཀྱིལ། བླ་མའི་རྣལ་འབྱོར། དེ་ལས་གཞན་པའི་ཡི་གེ་སྟེ་ལྔ། དང་པོ་ཕྱག་མཆོད་ནི། ལམ་འབྲས་ཕྱག་མཆོད་དེ་གཅིག །གཉིས་པ་ཁྲིད་ནི། དག་པ་གསུམ་གྱི་ཁྲིད། དབང་གསུམ་པའི་ལམ་རྒྱས་བསྡུས་ཏེ་གཉིས། གསུམ་